R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 367
[A:367]སློབ་དཔོན་ཀཱ་མ་ལ་ར་ཏྲི་ཏ་ཞེས་བྱ་བ་གཉིས་ཀྱི་དྲུང་དུ། རབ་ཏུ་བྱུང་བ་མཛད་པའི་མཚན་ནི། ཀཱ་མ་ལ་ཤི་ལ་ཞེས་བཏགས་སོ༎ དེ་ནས་རིམས་གྱིས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ། འཕགས་ཡུལ་དུ་བསྟན་པ་ལ་བྱ་བ་མང་དུ་མཛད། བསམ་ཡས་ཀྱི་རྒྱལ་པོའི་དུས་སུ་བོད་དུ་བྱོན། རྒྱ་ནག་མཁན་པོའི་ཆོས་ལུགས་སུན་ཕྱུང། ཕར་ཕྱིན་ཐེག་པའི་བསྟན་བཅོས་མང་དུ་བརྩམས། དུས་དེར་སློབ་དཔོན་དེས་གསང་སྔགས་ཀྱི་ཆོས་མ་བསྟན། དེ་དང་དུས་མཚུངས་པ་རྨ་ཨཱ་ཙརྱ་རིན་ཆེན་མཆོག་ཅེས་བྱ་བ། སློབ་དཔོན་དེ་དང་ལྟ་བ་དང་སྒོམ་པའི་གནད་གཅིག་པར་སྨྲ་ཞིང། སྔགས་ཀྱི་ལམ་ལ་བརྟེན་ནས་གདུལ་བྱ་གཞན་མང་པོ་སྨིན་པར་མཛད་ཅིང། གསང་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་པ་ཞིག་ཡོད་པ་དེ་ཡང་སློབ་དཔོན་འདི་དང་རྒྱུད་ཅིག་པར་ངེས་ཤིང། བསམ་ཡས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གྲགས་ཀྱང། མཚན་ཉིད་པ་མ་ཡིན་ཏེ། དཔེར་ན་རྗེ་བཙུན་དམ་པ་སངས་རྒྱས་དིང་རིརརིང་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང། སྐུ་ལུས་དེ་ཉིད་སྤངས་པ་མ་ཡིན་པར་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་འབྱུང་བ་བཞིན་ནོ༎
2.2.2
གྲུབ་པའི་ས་བརྙེས་པའི་ཚུལ། གཉིས་པ་གྲུབ་པའི་ས་བརྙེས་པའི་ཚུལ་ནི། བྲམ་ཟེ་ཆེན་པོ་ས་ར་ཧ་དང། འཕགས་པ་ཀླུ་སྒྲུབ་དང། རྒྱལ་པོ་ཨིནྟྲ་བྷུ་ཏི་དང། ཨཱརྱ་དེ་བ་གཉིས་དང། སློབ་དཔོན་པདྨ་འབྱུང་གནས་དང། མཐུ་སྟོབས་ཀྱི་དབང་ཕྱུག་བཱིརྭ་པ་ལ་སོགས་པ་གྲུབ་ཆེན་གྱི་བླ་མ་ལྔ་བཅུ་རྩ་ལྔ་ཙམ་ལ་བརྟེན་ནས་དབང་དང་གདམས་པ་མང་དུ་གསན། རིག་པ་འཛིན་པའི་ས་བརྙེས། ས་བཅུ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ཏེ། དམ་པ་ཀུན་དགས། རྗེ་བཙུན་ལ་ཡོན་ཏན་ཅི་མངའ་