R344: རྡོ་རྗེ་གདན་པའི་བུ་ཆེན་སློབ་རྒྱུད་རྣམས་ཀྱི་སྐུ་བསྟོད།

  • Pagination (Witness A): 76
[A:76]ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །
ནམ་མཁའ་མཛོད་ཀུན་དགའ་བློ་གྲོས་
ཀུན་དགའ་རྣམ་རྒྱལ་ཐུགས་རྗེའི་ཆུ་འཛིན་ལས། །བྱུང་བའི་བློ་གྲོས་བདུད་རྩིའི་ཆར་ཆེན་གྱིས། །དཔལ་ལྡན་རྡོ་རྗེ་གདན་པའི་བསྟན་པའི་རྒྱུན། །དབྱར་གྱི་མཚོ་ལྟར་སྤེལ་མཛད་དེ་ལ་འདུད། །
དཔོན་སློབ་རིན་ཆེན་རྒྱ་མཚོ་
དཀོན་མཆོག་རིན་ཆེན་གསུམ་གྱིས་བྱིན་གྱིས་རླབས། །དྲིན་ཅན་བླ་མ་རྣམས་ཀྱིས་རྗེས་བཟུང་བའི། །བསྟན་འགྲོའི་དཔལ་གྱུར་རབ་འབྱམས་ཆོས་ཀྱི་རྗེ། །རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །
རིག་འཛིན་པདྨ་འཕྲིན་ལས་ཀྱིས་འཕྲིན་ལས་རྣམ་རྒྱལ་པ་ལ་བསྟོད་པ་
ཁྱབ་བདག་རྡོ་རྗེ་འཆང་གི་འཕྲིན་ལས་པ། །ཕྱོགས་ལས་རྣམ་རྒྱལ་གསང་ཆེན་ཆོས་ཀྱི་གཏེར། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་ཏུ་གསོལ། །
བུ་སློབ་རྣམས་ཀྱིས་འཕྲིན་ལས་པ་ལ་བསྟོད་པ་
བླ་མ་ཡི་དམ་སངས་རྒྱས་བཞུགས་པའི་གནས། །དམ་ཆོས་དགེ་འདུན་ཆོས་སྲུང་འདུས་པའི་བརྟེན། །འཕྲིན་ལས་རྣམ་མང་རྒྱལ་བའི་བསྟན་འཛིན་དཔལ། །བཟང་པོ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །
རྣམ་མཁྱེན་གྲོང་ཀུན་དགའ་བཟང་པོ་
ཀུན་མཁྱེན་རྒྱལ་བའི་རིང་ལུགས་བླ་ན་མེད། །དགའ་ཆེན་ཧེ་རུ་ཀ་ཡི་ཟློས་གར་གྱིས། །སྡོམ་བརྩོན་དམ་པ་གསུམ་ལྡན་རྡོ་རྗེ་འཛིན། །དཔལ་ལྡན་སྐལ་པ་བཟང་པོར་གསོལ་བ་འདེབས། །
རྣམ་རྒྱལ་བཀྲ་ཤིས་
རྣམ་དག་རྒྱལ་བའི་ཆོས་ཕུང་དྲི་མེད་དུ། །བཀྲ་ཤིས་གཡས་སུ་འཁྱིལ་བ་ཆོས་ཀྱི་སྒྲ། །གངས་ཅན་བློ་གསལ་རྣ་བར་ཆེར་བསྒྲགས་པས། །ཕན་བདེའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །ཕུན་ཚོགས་ལེགས་བྱས་སྟོང་གིས་བསྐྲུན་པའི་སྐུ། །འཕགས་པ་