R344: རྡོ་རྗེ་གདན་པའི་བུ་ཆེན་སློབ་རྒྱུད་རྣམས་ཀྱི་སྐུ་བསྟོད།

  • Pagination (Witness A): 77
[A:77]དགྱེས་པའི་ཚུལ་ཁྲིམས་ལང་ཚོ་ཅན། །བཅས་དང་རང་བཞིན་ཉེས་པས་མ་གོས་པའི། །གནས་བརྟན་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །
རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས་ཀྱིས་འབྲས་བུ་གླིང་པ་ལ་བསྟོད་པ་
ངག་གི་དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཛིན། །ཨོ་རྒྱན་ཆོས་ཀྱི་གན་མཛོད་འཛིན་མཁས་པའི། །སྨིན་གྲོལ་གཏེར་མཛད་བླ་མ་དམ་པའི་ཞབས། །སྐལ་བརྒྱར་བརྟན་ཞིང་ཆོས་འཁོར་སྐོར་གྱུར་ཅིག །
རིག་འཛིན་པདྨ་འཕྲིན་ལས་ཀྱིས་བདེ་མཆོག་ཕོ་བྲང་ཀུན་དགའ་བསམ་འགྲུབ་ལ་བསྟོད་པ་
ཀུན་དགའི་བསྟན་པ་རྡོ་རྗེ་ཐེག་པའི་ཆོས། །སྤྱི་དང་རྣལ་འབྱོར་བརྒྱུད་ཀྱི་གདམས་པ་ཡིས། །src: འདིར་ཚིག་རྐང་གཅིག་ཆད། བསྐལ་བརྒྱར་མཚོ་ཞིང་ཆོས་འཁོར་བསྐོར་གྱུར་ཅིག །
མཁས་གྲུབ་རིན་པོ་ཆེ་
གང་ཡང་སྔོན་ནས་གོམས་པའི་ཤུགས་ཐོབ་པས། །གཞུང་ལུགས་ཀུན་ལ་མི་འཇིགས་སྤོབས་པ་ཅན། །མཁས་མང་འདུས་པའི་དབུས་སུ་སྔོན་མཐོ་བའི། །ཡོངས་འཛིན་མཁས་པའི་དབང་པོ་བསྟོད་པར་བགྱི། ཁྱོད་ནི་བཤེས་གཉེན་མཁས་མང་ཉེར་བསྟེན་ནས། །ཕྱི་ནང་ཆོས་ཚུལ་རྒྱ་མཚོའི་ཟབ་དོན་བཅུད། །ངོམས་པར་འདོམས་ལས་འགྲོ་བའི་དཔལ་གྱུར་པའི། །མཚུངས་མེད་བླ་མ་དམ་པ་དེ་ལ་འདུད། །རྣམ་དག་ཁྲིམས་ཀྱི་རྭ་བ་རབ་བརྟན་ཞིང༌། །རླབས་ཆེན་བྱང་ཆུབ་སྤྱོད་པའི་སྙིང་སྟོབས་ཅན། །དངོས་ཀུན་བདེ་སྟོང་མཆོག་གི་རྣམ་རོལ་བ། །གཡོ་མེད་བསྟན་པའི་བདག་པོ་དེ་ལ་འདུད། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ལས་འོངས་པའི། །གསུང་