R344: རྡོ་རྗེ་གདན་པའི་བུ་ཆེན་སློབ་རྒྱུད་རྣམས་ཀྱི་སྐུ་བསྟོད།

  • Pagination (Witness A): 75
[A:75]པ་དྲི་མེད་མཁར། །ལེགས་བྱས་ཚུལ་ཁྲིམས་ཕུང་པོ་འོད་འབྱིན་པ། །སྟོང་ཉིད་སྙིང་རྗེའི་ཟེར་ཅན་ཀུན་ནས་འཕྲོ། །འགྲོ་བའི་མུན་སེལ་རྡོ་རྗེ་འཛིན་ལ་འདུད། །
དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ་
རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཀྱང༌། །རྣམ་འཕྲུལ་གཟུགས་སྐུར་རྣམ་རོལ་ཧེ་རུ་ཀ། །རྣམ་གྲོལ་ལམ་སྟོན་ངག་དབང་རྣམ་རྒྱལ་ལ། །རྣམ་དཀར་སྒོ་གསུམ་གུས་པས་ཕྱག་བགྱིའོ། །
བྱང་ཆུབ་རྩེ་པ་ཀུན་དགའ་བཀྲ་ཤིས་
ཀུན་ཁྱབ་ཆོས་སྐུའི་མཁའ་ཀློང་རབ་ཡངས་པ། །དགའ་བཞིའི་དཀྱིལ་འཁོར་རྒྱས་པའི་འོད་འཕྲེང་གིས། །བཀྲ་ཤིས་ཐུབ་བསྟན་པད་ཚལ་རྒྱས་པའི་གཉེན། །ཡོངས་འཛིན་ཆོས་ཀྱི་ཉི་མའི་ཞབས་ལ་འདུད། །
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས་
ཐུབ་བསྟན་རྩ་ལག་ཚུལ་ཁྲིམས་འཛིན་པ་ལ། །སྨོན་འཇུག་དོན་དམ་ལོ་ཏོག་རྒྱས་མཛད་ནས། །རིམ་གཉིས་བཀྲ་ཤིས་མཆོག་ལ་འགོད་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ས་སྐྱ་པ་བདག་ཆེན་ཨ་མེས་དྲུང་གིས་ཉི་མ་གླིང་པ་ལ་བསྟོད་པ་
ཚུལ་ཁྲིམས་རྒྱལ་མཚན་ལེགས་བཟུང་ནས། །འགྲོ་ལ་བཀྲ་ཤིས་དཔལ་སྟེར་བའི། །རྡོ་རྗེ་གདན་པ་ཆེན་པོ་ཡི། །བསྟན་པའི་གསལ་བྱེད་ལ་ཕྱག་འཚལ། །
རྣམ་མཁྱེན་གྲོང་རྣམ་རྒྱལ་རྒྱལ་མཚན་
རྣམ་དག་སྡོམ་པ་གསུམ་གྱིས་བརྒྱུད་གཏམས་ཤིང༌། །རྣམ་འདྲེན་རིག་གནས་ཀུན་ལ་མངའ་འབྱོར་བའི། །རྒྱལ་ཚབ་དམ་པ་ཀུན་དགའ་རྣམ་རྒྱལ་གྱི། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །
ཀུན་བཟང་རྩེ་པ་པཎ་ཆེན་བསོད་ནམས་མཆོག་ལྡན་
དཔལ་ལྡན་བསོད་ནམས་རླབས་ཆེན་རྒྱས་པའི་མཐུས། །ཚུལ་ཁྲིམས་མཆོག་དང་ལྡན་པའི་མཁྱེན་བརྩེ་ཡིས། །བསྟན་འགྲོའི་གཉེན་གཅིག་མཚུངས་མེད་བླ་མ་མཆོག །པཎ་