R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 4a
[A:4a]སུ་རྟ་ཅོག་ཕུག་ཞེས་པ་རི་མཎྜལ་ཕུལ་འདྲ་ཞིག་ཡོད་པ་དང། ལྷག་པར་དགོན་འདིའི་ཆགས་ཡུལ་ས་ཆ་འདི་སྐམ་ཤས་ཧ་ཅང་ཆེ་བ་འདི་ནི། འདི་ནས་སྨོན་ཚད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་འདམ་ནས་ཐོན་པའི་རྟེན་འབྲེལ་ཁྱད་པར་ཅན་ཡིན་པས་འདི་འདྲའི་ས་སྤྱད་ཕུན་སུམ་ཚོགས་པའི་སྟེང་དུ་རྡོ་རྗེ་ཕུར་བུའི་སྒོ་ནས་ས་བརྡུལ་དང་ས་ཕྱོགས་ཀྱི་ཆོ་ག་རྒྱ་ཆེ་གཟབ་?རྒྱས་མཛད་དེ་དབུས་ཀྱི་གོང་དཀར་རྡོ་རྗེ་གདན་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་བཏབ། དགོན་པ་འདིར་དཔལ་ལྡན་ས་སྐྱ་པའི་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་བརྒྱུད་པའི་གསང་སྔགས་གསར་མའི་རྫོང་པ་ཕྱི་རབས་པའམ། གོང་དཀར་བའང་ཞུ་བཞིན། རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཆོ་ག་ཕྱག་ལེན་སྨིན་གྲོལ་ཆད་?ཉན་སྒོམ་བསྒྲུབ་སོགས་ཐུས་?ཚང་ཐོག་ད་དུང་བྱ་རྒྱུད། སྦྱོང་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སོགས། རྒྱུད་སྡེ་ཆེན་པོ་བཞིའི་རྡུལ་མཚོན་གྱི་དཀྱིལ་འཁོར་བཞི་བཅུ་