R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 4b
[A:4b]སྐོར་དེ་དག་གི་ལྷ་མཚན་བཀོད་ལུགས་ལས་རིམ་ས་དཀར། ཆོས་དཀར། ཆོ་ག་སོ་སོའི་དབང་ལུང་མན་ངག་གི་གདམ་པ་གྲོལ་གྲོས་བྱེད་ལམ་གྱི་རིམ་པ་སོགས། ཕྱག་ལེན་གཟབ་?ཅིང་རྒྱ་ཆེ་བ། གང་ཅིར་ཆ་ཚང་བ། བསྟན་པའི་མིག་རྒྱན་དུ་ཡོངས་གྲགས་སུ་འཛུགས་གནང་མཛད་པས། དབུས་ཕྱོགས་སུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་སྟོབས་ཀྱི་གདེགས་པའི་བསྟན་འཛིན་དུ་གྱུར། དགུང་གྲངས་སོ་ལྔ་པར་མེ་ཁྱི་ལོ་དཔལ་ལྡན་ས་སྐྱར་ཕེབས། ས་སྐྱའི་བསྟན་འཛིན་ཡིན་པས་གསེར་ཕྲེང་རོལ་ཆ་བཀྲ་ཤིས་ཁྲ་རིང་སོགས་བསུ་བ་ཞུ་གནང་མཛད་པ་དང། བཀུར་བསྟི་དཔག་ཏུ་མེད་པ་བྱུང་བ། ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་བསྒྲུབ་ཚུལ་བསམ་གྱིས་མི་ཁྱབ་པ་བྱུང། གསུང་རྩོམ་ཡང་མང། མཐུབ་སྟོབས་ནུས་པའི་མཛད་པ་ཧ་ཅང་མང་བས་སྙན་གྲགས་ཀྱང་ལྷག་པར་འཕེལ། རྫོང་ལུགས་དང་བུ་སློབ་འདྲེས་འབྲེལ་མའི་ཆོས་རྒྱུན་བསྐྱངས། འདི་ལ་གོང་དཀར་རམ། རྫོང་པ་ཕྱི་རབས་པ་ཡང་ཟེར། དེ་བར་སྨིན་གྲོལ་གྱི་རྒྱུན་མ་ཉམ?་པ་ཡོད། དགོན་པ་འདི་ཕྱག་བཏབ་