R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 3b
[A:3b]ནམ་ཞིག་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པཀུན་དགའ་རྣམ་རྒྱལ་དགུང་གྲངས་སོ་གསུམ་རབ་བྱུང་བརྒྱད་པའི་ཤིང་ཕོ་སྤྲེལ་ལོར་དགོན་པ་ཕྱག་བཏབ་པའི་དུས་ལ་བབས་པས་གཟིགས་ཞིབ་མཛད་སྐབས་མདུན་ཕྱོགས་སུ་ཇོ་བོ་རྗེས་ལུང་བསྟན་མཛད་སྐབས་ཕུལ་གནང་མཛད་པའི་ངོ་མཚར་ཧ་ཅང་ཅན་གྱི་རྡོ་མཆོད་ཆེན་པོ་ཞིག་དང། ནུབ་བྱང་མཚམས་སུ་ཡོན་ཆབ་ཚུལ་དུ་སྐྱེད་གཙང་འབྲེལ་ནས་གངྒཱའི་ཆུ་རྒྱུན་བཅས་མདུན་དུ་དལ་བུར་རྒྱུན་ཆད་མེད་པར་རྒྱུན་བཞིན་ཡོད་པ། བྱང་དུ་ཀླུ་དགའ་བའི་ལྟེ་གནས་བྲག་ཕུག་ཁྱད་ཆོས་ལྡན་པ། རྒྱབ་ཏུ་རྒྱབ་རི་བྱ་ཁྱུང་ས་གཞིར་བབས་ནས་ཤོག་པ་རྐྱང་པར་འདྲ་བ་ལ་དགོན་པ་འདི་བྱ་ཁྱུང་གི་པང་ཁའི་ནང་ཆགས་ཡོད་པ། དེའི་ལྡེབས་ལ་བྲག་བཙན་ཞེས་ཡ་བ་སྐྱབས་བདུན་གྱི་བསྟན་ས་བྲག་རི་མེ་ལྕེ་གྱེན་ལ་འབར་བ་འདྲ་ཞིག་དང། ཤར་ལྷོའི་མཚམས་སུ་སྤོའི་ལྟག་སྒོ་ཞེས་པ་རི་སྣ་ཞིག་གི་བྲག་ལྡེབས་སུ་ཤེས་རབ་ཕར་ཕྱིན་གྱི་ངོ་བོ་ཨ་ཡིག་རང་བྱོན་འབུར་དུ་ཡོད་པ། ལྷོ་ནུབ་མཚམས་