R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 3a
[A:3a]མཐར་ཕྱིན་པ་མཛད། རྗེ་བྱམས་པ་གླིང་པ་ལས་བསྙེན་པར་རྫོགས། ཞྭ་ལུ་ཡེ་ཤེས་རྒྱལ་མཚན་ལས་རྣལ་འབྱོར་བརྒྱུད་སོགས་སྔགས་ཀྱི་ཆོ་ག་ཕལ་ཆེར་གསན། གཙོ་བོ་དབུ་བླ་རྣམ་གསུམ་གྱི་གཙོས་གཞན་ཡང་ཚད་ལྡན་གྱི་བླ་མ་མང་པོའི་ཞལ་སྔ་ནས་རིས་མེད་མདོ་རྒྱུད་གཞུང་ལུགས་མཐའ་ཡས་པར་གསན་སྦྱང་མཐར་བསོན་མཛད། དུས་གཅིག་ན་གཟིམས་ཁང་གོང་དཀར་རྫོང་གི་ཡང་ཐོག་ན་རྡོ་རྗེ་དབྱིངས་ཀྱི་ཕྱག་དཔེ་གཟིགས་སྐབས་བློ་?བུར་དུ་རླུང་གིས་ཕྱག་དཔེ་ཤོག་ལྷེ་འགའ་ཤས་ཁྱེར་ཏེ་ད་ལྟའི་དགོན་པ་ཆགས་ཡུལ་དེར་བབས་པ་རེད། དེ་མ་ཉིད་དུ་བྱ་རོག་ཞིག་གིས་ཉར་ཚགས་བྱས་པ་སོགས་ཀྱི་དགེ་མཚན་བཟང་པོ་རྣམས་གཟིགས་ནས་ང་རང་གི་དགོན་པ་ས་ཆ་འདི་རང་ལ་བཏབ་དགོས་པ་འདུག་ལ་དེའི་བཀའ་བསྲུང་ཡང་མགོན་པོ་ཞལ་རང་ལ་བཅོལ་དགོས་པ་སོགས་དགོངས་པར་ཤར།