R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 2b
[A:2b]ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་རིག་འཛིན་ཤྲི་སིང་ཧ་དང། རྣ་ནམས་?རྡོ་རྗེ་བདུད་འཇོམས། སློབ་དཔོན་ཀླུ་སྒྲུབ་སོགས་ཀྱི་སྤྲུལ་པར་བཤད་ཅིང། རིགས་ཕུན་སུམ་ཚོགས་པ་ཐོན་མི་སཾ་བྷོ་ཊའི་བརྒྱུད་པ། ཡབ་རྒྱལ་བ་ཤེས་རབ་དང། ཡུམ་དཔལ་ལྡན་བདེ་མོའི་སྲས་སུ་རབ་བྱུང་བདུན་པའི་ཆུ་ཕོ་བྱི་བ་ལ་མཚན་བལྟས་ངོ་མཚར་ལྡན་པ་མང་པོའི་ངང་ནས་སྐུ་བལྟམས། ཐུན?་མིའི་རིགས་སུ་འཁྲུངས་པས་མཚན་ལ་ཡང་ཐུ་སྟོན་ཀུན་དགའ་རྣམ་རྒྱ་ཞེས་གསོལ། རྒྱལ་རིགས་སུ་འཁྲུངས་པས་སྐུ་གཞོན་ནུའི་དུས་སུ་གྲྭ་ལྔ་རྒྱལ་པོ་ཡང་གསོལ། དཔལ་ལྡན་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སློབ་མ་ཐེག་ཆེན་ཆོས་རྒྱལ་ཞེས་པ་ནི་རྫོང་པའི་རིང་ལུགས་འཛིན་པའི་གཙོ་བོ་ཡིན། དེའི་སློབ་མ་བྲག་ཐོག་པ་བསོད་ནམས་བཟང་པོ་ཡིན། དེ་ལས་རྡོ་རྗེ་གདན་པ་ཆེན་པོས་གསན་པ་