R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 17b
[A:17b]འཆམ་མཛད། ཚེས་ ༢༨ ཉིན་སྔོན་འགྲོ་ཞེས་པ་རྡོ་རྗེ་ཕུར་བུའི་གསེར་སྐྱེམས་དང། ལྟོས་ལས་?དགྲ་བགེགས་བསྒྲལ་བའི་བཟོ་འཆམ་མཛད། སྦག་པ་བཞེས་པ་ཧཱུཾ་མཛད་དགྲ་འབྱིན་མགོ་བསྙན་གྱི་འཆམ་ ༢༠ སྐོར། དེའི་ཉིན་དགུང་ལ་སེངྒེ་དང་སེངྒེའི་རྔ་བརྡུང་བ། གཅིག་གོང་ས་༸གོང་ས་ལྔ་པ་ཆེན་པོའི་དགོངས་པའི་རྫ་རི་བ་བདུན་བཅས་ཡོད། ཚེས་ ༢༩ ཉིན་ཞོགས་པ་འཆར་ཅན་ཉི་ཤུ་བརྒྱད་ལྟར། དགོང་དྲོ་གུར་ལྷ་བཅུ་གཉིས་ཀྱི་འཆམ་ནི། གནོད་སྦྱིན་ཡབ་ཡུམ་དང་པུ་ཏྲ་བྷ་པྲ་?སེང་མོ་སྒོ་མ་བཞི་སོགས་ཀྱི་འཆམ། གཞན་ཡང་བུད་མེད་བརྒྱད། སྐྱེས་པ་གྲོ་གར་བརྒྱད། དགྲ་བཅོམ་འཁར་བསིལ་བརྒྱད། སྔགས་པ་ཞྭ་ནག་བརྒྱད། རྔ་བརྡུང་མ་བཞི། ཧྭ་ཞང་བཞི། འཛུབ་སྐྱི་བ་བཞི། ཀེང་རུས་བ་གཉིས། རྫ་རི་བ་བདུན་བཅས་ཡོད། དགོང་ཇ་ཙམ་ལ་མགོན་པོའི་སྒོ་ནས་ལོ་མཇུག་མགོན་གཏོར་ཆེན་མོ་ལ། སེར་ཕྲེང་གཟབ་རྒྱས་དང་འབྲེལ་སྦུབ་བསིལ་རྐང་གླིང་རྔ་བརྡུང་རྒྱ་གླིང་སོགས་དང། བཟོ་གཏོར་རྒྱས་པ་རྡོ་རྗེ་སློབ་དཔོན་ནས་ཟོར་འཆམ་དང་འགྱིང་ནག་གི་འཆམ་བཅས་