R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 17a
[A:17a]ལུགས་བསྟོད་ལྟས་?བྱང་ཆུབ་བསྒྲུབ་པའི་བསྒྲུབ་མཆོད་ཚུགས་ཤིང། ཚེས་ ༢༠ ཉིན་ཕུར་པ་ས་ཕྱོགས་ལ་ས་རྟུལ། རྩ་འཆམ། རྣལ་འབྱོར་ཉི་ཤུ་རྩ་བརྒྱད་ཡོད་པ། གཙོ་བོ་ཕུར་བུ་རྡོ་རྗེ་གཞོན་ནུ་ཕྱོགས་རེ་རྣལ་འབྱོར་བདུན་རེ། ས་རྡུལ་ཆོ་ག་ཡོངས་སུ་བསྒྲུབ་རྗེས། འཆམ་དཔོན་རྡོ་རྗེ་སློབ་དཔོན་ནས་གཞལ་ཡས་ཁང་བསྐྱེད་ཆོག་ཨེ་ལས་མཁའ་དབྱིངས་དག་པ་ནམ་མཁའ་འཁྱིལ་ཞེས་པ་ནས་ས་བྱིན་རླབས་ཀྱི་སྐུ་འཆམ་རྒྱས་པ་མཛད། ཚེས་ ༢༡ ཉིན་སྔ་དྲོ་ཕུར་བུ་ཡང་རྙིང་དང། དགོང་དྲོ་འཁོར་ལོ་རྩེ་བཅུ་རབ་ཏུ་འབར་བ་ཞེས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་ཕུར་བུ་དཀྱིལ་འཁོར་ལ་སྤྱན་འདྲེན་ཞུ། ཚེས་ ༢༢ ཞོགས་པ་ཕུར་བུའི་མཆོད་བཞེངས་མཛད། དེ་ནས་དར་ཆེན་སྐུ་བཞེངས་ཞུ། དགོང་མོ་གུར་གུར་བཞེས་པའི་འཆམ་དོན་ནས་དར་ཆེན་སར་སྲི་གནོན་མཛད། ཚེས་ ༢༣ ནས་ཕུར་བུ་དངོས་གཞི་ཉིན་དེའི་དགོང་ལྟར་གྲལ་ཆོས་ལ་འཆམ་ཡོད། ཚེས་ ༢༧ དགོང་མོར་ས་གཏམ་མ་ཞེས་རྡོ་རྗེ་སློབ་དཔོན་ནས་སྐུ་