R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 18a
[A:18a]ཡོད་པ། གཏོར་བཀྱག་ལ་དགེ་འདུན་ཞལ་གྲངས་བརྒྱ་བཅུ་གཉིས་བསྐོར་ཟབ་ཕྱོར་དང་ལྡན་པའི་ངང་ནས་ཕེབས་དགོས། གཏོར་ར་ཕྱི་མ་ནས་བསྲུང་འཁོར་འགྲུབ་ཕྲལ་ཡར་ཕེབས། རྡོ་བཅལ་སྟེང་ཞལ་ཤར་གཟིགས་ཀྱི་འཕྲིན་བཅོལ་གསེར་སྐྱེམས་རྣམ་གཉིས་དང། མགོན་པའི་མངའ་གསོལ་རྒྱས་པ་མཛད། གནམ་གང་ཉིན་རྡོ་རྗེ་ཕུར་བུའི་འཆམ་ལོག་དང། ཁ་སྐོང་སྦྱིན་བསྲེག །དཀྱིལ་འཁོར་གཤེགས་གསོལ་བཅས་གནང་ངོ། །བོད་ཟླ་དང་པོའི་ཚེས་གཅིག་ཞོགས་པ་གྲྭ་ཚང་གི་སྤྱི་བཟོ་རང་གི་ཐོབ་ཐང་གི་ལས་དགོས་བཞེས་ཏེ་ངོ་གཡོག་གསུམ་དང། རྫ་རི་བ་བདུན་བཅས། སྐུ་གཉེར་གྲྭ་ཚང་འདུ་ཁང་ནང་གོང་ས་༸ལྔ་པ་རིན་པོ་ཆེའི་འདྲ་སྐུའི་སྐུ་མདུན་དུ། རྫོང་རྩེ་ཤོད་གཉིས། ཤར་གླིང་དབུ་བཞུགས། སྐུ་གཉེར་གྲྭ་ཚང་ཚོགས་མང་བཅས་ལྷན་དུ་ཚེས་གཅིག་བཞུགས་གྲལ་གྱི་རྟེན་འབྲེལ་ལ་