R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 16b
[A:16b]ཤེས་མདོས་གཏན་གྱི་རྡུལ་ཚོན་དབུས་པདྨ་འདབ་བརྒྱད། རི་རབ་གླིང་བཞི། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན། སའི་ཟླུམ་སྒོར་བཅས་དང། ཞལ་ལྷ་མོ་གཉིས་ཀྱི་མདོས་ཕོ་བྲང་གཉིས་བརྩེགས་མདོས་བསྟན་པདྨ་འདབ་བརྒྱད། རི་རབ་གླིང་བཞི་བཅས་གཞན་ཡང་ནམ་མཁའ་རྒྱང་བུ་མདའ་ཕྲ་འཕང་ཕྲ། ཕོ་གདོང་མོ་གདོང་མདོས་ཀྱི་མཆོད་པ། ཁྲ་རྨོག་གོ་མཚོན་སྤྱན་གཟིགས་སྤགས་རིགས་གཞན་ཡང་ཞི་དྲག་མཆོད་རྫས་དང། བསྐང་རྫས་སྣ་ཚོགས་མཐིང་ནག་དར་ལྡིང་ལ་སོགས་པ་འདོན་བྱ་དང་མཚུངས་པ་བརྗོད་དུ་དཀའ་བ་འབུལ་གཤོམས་མཛད། དེའི་རིང་ཚོགས་དུས་གསུམ་ཡིན། ཞོགས་ཚོགས་མཐོ་རེངས་ལ་སྒྲོལ་མཆོག་རྒྱས་པ་དང། དགོང་དྲོ་བསྲུང་སྤྱིའི་བསྐང་བ། དགུང་ཚིགས་ལ་མདོས་ཆོག་རབ་བརྗིད་རྡོ་རྗེའི་མེ་ཆར་བཅས་མཛད་ཅིང་ཡོད། ཚེས་ ༡༤ དགོང་མོ་ས་སྲོས་ལ། མགོན་པོ་གུར་གྱི་སྒོ་ནས་པུ་ཏྲའི་འཆམ་འཇིགས་ཉམས་ལྡན་པ་ཞིག་ཡོད་དོ། །ཚེས་ ༢༠ ནས་ཕུར་བུ་རྡོ་རྗེ་གཞོན་ནུའི་ལྷ་ཁྲ་དཀར་མ་?