R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 16a
[A:16a]གྲོ་?བརྡུང་བཅས་ཡོད། ཟླ་ ༡༡ ཚེས་ ༨ ཉིན་གཏོར་སྐྱོང་བཞེས་པ་གསང་བའི་མགོན་ཁང་ནང་མགོན་པོ་ཞལ་གྱི་གཏོར་མ་ཞི་བ?། དམ་ཚིག་བསྐང་བ་རྒྱས་པ་ཉིན་གཅིག །ཚེས་ ༡༤ ཉིན་ས་པཎ་དུས་ཆེན་བླ་མཆོད་དང་བསྲུང་མའི་བསྐང་བ། ཚེས་ ༢༣ ཉིན་གཏོར་ཆེན་བཞེས་པ་སྔོ་དྲོ་བསྲུང་མ་སྤྱིའི་བསྐང་བ་དང། དགོང་དྲོ་དཔལ་མགོན་ཞལ་གྱི་གཏོར་མ་དྲག་པོ་ཆས་བཞུགས་ཞེས་པ་འཇིག་རྟེན་ཁམས་ཀུན་ཀྱི་དབྱངས་དང་བཅས། མངོན་སྤྱོད་དྲག་པོའི་ལས་ལ་སྤྱན་དྲངས་ནས་སྟོབས་ཆེན་ཤུག་དྲག་སོ་སོའི་གྲལ་ཆོས་ནས་གཏོར་འབུལ་དང་དྲག་བསྐུལ་བཅས་གནང། ཚེས་ ༢༥ ཉིན་ཟླ་རེ་འཆར་ཅན་ཁམ་མཚན་ལྔ་མཆོད། ཟླ་ ༡༢ ཚེས་ ༨ ཉིན་སྒྲོལ་མ་མཎྜལ་བཞིའི་ཆོ་ག །ཚེས་ ༡༠ ཉིན་གསང་བའི་ཚེས་བཅུ་ཚོགས་ལེན་དང་གྱིང་འཆམ་བཅས་ཡོད། ཚེས་ ༡༣ ནས་དུས་རིང་ཉིན་བདུན་ལ་ལོ་མཇུག་མགོན་གཏོར་གྱི་བསྒྲུབ་བཞག་ཡང་ཟེར། འདིར་མགོན་པོ་གུར་གྱི་མདོས་ཆེན་ཕོ་བྲང་གསུམ་བརྩེགས། མདའ་འཕང་ནམ་མཁའ་རྒྱང་བུ། མདོས་