R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 15b
[A:15b]རྒྱ་མཆོད་དང་སྟོང་མཆོད་གཅིག་དཀྱིལ་འཁོར་སོ་སོའི་འདོན་བྱ་དང་མཚུངས་པའི་མཆོད་སྤྲིན་གཟབ་རྒྱས་བཅས་ཡོད། ཚེས་ ༣༠ ཉིན་དབྱར་གནས་གྲོལ་བའི་དགའ་དབྱེ། ཟླ་ ༨ ཚེས་ ༣ ནས་ཆབ་བཞུགས་ཉིན་གསུམ་དེའི་རིང་སྣ་བྱིན་གཏོང་གནང་མཛད། ཟླ་ ༨ ཚེས ༩/༡༠ ནས་ཀྱཻ་རྡོར་སྒྲུབ་མཆོད་ལ་རྡུལ་མཚོན་དཀྱིལ་འཁོར་གྱི་ཆོ་ག་གཟབ་རྒྱས་མཛད། ཚེས་ ༢༥ ཉིན་གྲྭ་ཚང་སོ་སོའི་ལྔ་མཆོད། ཟླ་བ་ ༩/༨ ནང་གྲྭ་ཚང་གྲྭ་ཤག་བཅས་ལ་སྐུ་ཁར་གསོལ་དགོས། ཚེས་ ༡༥ ཉིན་སྒྲོལ་ཆོག་དང་ཀུན་རིག་གསུང་ཆོག །ཚེས་ ༢༢ ཉིན་འཇིགས་བྱེད་ལྷ་ཁང་སྐུ་མདུན་དུ་དྲུག་ཅུ་མ་རྒྱས་པ་རེ་མཛད་དེ་རྡོ་རྗེ་སློབ་དཔོན་ནས་འཆམ་ཆས་བཞེས་ནས་སྒྲལ་ཆོས་ཀྱང་གནང། ཟླ་ ༡༠ ཚེས་ ༧ ནས་རྒྱལ་བ་མི་འཁྲུག་མགོན་པོའི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གསུང་ཆོག་ཉིན་བདུན། ཚེས་ ༡༤ ཉིན་བླ་མཆོད་དང་བསྲུང་མའི་བསྐང་བ་བཅས་ཡོད། ཚེས་ཉི་ཤུ་གཅིག་ཡང་དག་ཁྲུག་འཐུང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དངོས་གཞིའི་ཆོ་ག་ཉིན་བདུན། མཇུག་ཏུ་