R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 10b
[A:10b] དང་ལི་ལས་བྱས་པའི་མཆོད་རྟེན་འདྲ་མིན་མང་པོ། བཀའ་སྲུང་ཞིང་སྐྱོང་གི་སྐུ་ཐང། ལས་བཞི་འཕྲིན་ལས་གང་བཅོལ་མྱུར་དུ་བསྒྲུབ་པ་དང། རྟེན་མདོས་ལྡེབས་བྲིས་བཅས་མཇལ་རྒྱུ་ཡོད། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དེ་ཉིད་དགུང་གྲངས་རེ་ལྔ་པ་རབ་བྱུང་བརྒྱད་པའི་མེ་ཕོ་འབྲུག་ནག་ཟླ་༣པའི་ཚེས་ཉེར་གསུམ་ཉིན་དགོན་པའི་བཀའ་སྲུང་དཔལ་མགོན་ཞལ་ལ་གཉེར་དུ་བལྟས། དེའི་ཉིན་ཞལ་གྱི་དམ་ཚིག་བསྐང་བ་རྒྱ་ཆེ་ཟབ་རྒྱས་དང། གཞན་ཡང་ལྷ་མགོན་སྤྱིའི་བསྐང་བ་བརྒྱད་པ་མཛད། ནག་ཟླའི་ཚེས་ཉེར་ལྔ་ཉིན་བསྐལ་ལྡན་རྣམས་ལ་རང་རང་གི་ལས་དང་མཚམས་པའི་ངོ་མཚར་བའི་མཚན་བལྟས་ཁྱད་པར་ཅན་མང་པོ་དང་བཅས་ཞི་བར་གཤེགས་སོ། །དེ་ནས་ཕྱི་ཟླའི་ཚེས་བརྒྱད་བར་ཐུགས་དམ་ལ་བཞུགས་ཤིང་ཚེས་བརྒྱད་ཞོགས་པ་དབུ་གཡོན་ཕྱོགས་སུ་ཡོར་བས་ཐུགས་དམ་གྲོལ་བའི་མཚན་བལྟས་གནང། སྐུ་གདུང་རིན་པོ་ཆེ་དབུ་རྩེ་བླ་མ་ལྷ་ཁང་ལ་གདན་དྲངས། དེའི་ཉིན་དབུ་རྩེ་བླ་མ་ལྷ་ཁང་ནང་སྟེང་ཤོད་ལྷ་ཁང་སོ་སོར་འདུ་