R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 11a
[A:11a]ཁང་ཆེན་མོ་བཅས་ལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ་རྒྱ་ཆེ་ཟབ་རྒྱས་མཛད་ནས་དུས་ད་ལྟ་བར་ལ་ནག་ཟླའི་ཚེས་ཉེར་གཅིག་ནས་ལོ་ལྟར་སྐུ་མཆོད་ཆེན་མོ་རྡུལ་ཚོན་པའི་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་པའི་གསུང་ཆོག་རྒྱས་པ་དང། ཉེར་ལྔ་ཉིན་དབུ་རྩེ་བླ་མ་ལྷ་ཁང་ལ་ལམ་འབྲས་དང་བརྒྱ་མཆོད། ཚོགས་གཞུང་ལ་སྟོང་མཆོད་བཅས་དང། དགོངས་རྫོགས་ཉེར་ལྔའི་མཆོད་འབུལ་ད་བར་མ་ཆག་པར་ཡོད། དེ་ནས་རིམ་བཞིན་སྐུ་གདུང་རིན་པོ་ཆེ་གསེར་གདུང་ནང་གདན་འདྲེན་ཞུས་ཏེ་རྒྱལ་བ་རྡོ་རྗེ་འཆང་ལ་ཞལ་གཟིགས་ནས་བཞུགས་ཤིང་བྱིན་རླབས་གྱི་གཟི་བྱིན་མཆོག་ཏུ་འབར་ཞིང་མཐོང་ཐོས་དྲན་རེག་གི་གསོལ་བ་བཏབ་ཚད་ལ་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་བདེ་བླག་ཏུ་སྩོལ་ཞིང་བཞུགས་སོ། །དགོན་པ་འདིར་དགེ་འདུན་ཞལ་གྲངས་ཉིས་བརྒྱ་དྲུག་ཅུ་སྐོར་བཞུགས་པས། ལོ་རེ་བཞིན་སྒྲུབ་མཆོད་ཆོས་སྐོར་ཚུགས་དགོས་རྒྱུར་བོད་ཟླ་དང་པོའི་ཚེས་དྲུག་ཉིན་ནས་ཆོ་འཕྲུལ་དུས་ཆེན་ལ་བྱ་རྒྱུད་དང་། རྣལ་