R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 10a
[A:10a]ཉེ་བའི་སྲས་བརྒྱད། ཁྲོ་བོ་གཉིས། འདུ་ཁང་ཆེན་མོའི་མདུན་གྱི་གཡས་ངོས་སུ་དུས་གསུམ་སངས་རྒྱས་དང་གནས་བརྟན་ཆ་ཚང་གཡོན་དུ་རྡོ་རྗེ་གདན་པའི་འདྲ་སྐུ་དང་ལམ་འབྲས་བླ་བརྒྱུད་ཆ་ཚང། དེ་མིན་གསེར་སྐུ་དང་ལི་མ་སྐུ་མཆོད་རྟེན་འགའ་ཤས་བཅས་ཡོད། གཙང་ཁང་གཡས་སུ་གུར་ཞལ་ལྷ་མོ་བཅས་ཀྱི་མགོན་ཁང་ལྡེབས་བྲིས་ཁ་གསར་འབུམ་དང་རྟེན་མདོས་བཅས་མཇལ་རྒྱུ་ཡོད། དེའི་ནུབ་ངོས་སུ་ཀུན་མཁྱེན་ཚེ་དབང་བཀྲ་ཤིས་ནས་ཕྱག་བཏབ་པའི་བཀྲ་ཤིས་འབྲས་སྤུང?་གྲྭ་ཚང་རྟེན་གཙོར་ཙནྡན་སྤྲུལ་སྙིང་གཟུགས་འཇུག་ཏུ་ཕུལ་བའི་ཙནྡན་དཀར་པོའི་པདྨ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བྱིན་རླབས་དང་ངོ་མཚར་ཅན་ཞིག་དང། རྡོ་རྗེ་གདན་པའི་འདྲ་སྐུ་འདུ་ཁང་ཆེན་པོའི་ལོགས་ཤིག་ལ་ཤིང་ལས་བྱས་པ་མཆོད་གཤོམས་སྐྲོལ་?མ་བཟོ་བཀོད་དཔེ་གསར་ཅན། བལྟས་ན་མཐོང་རྒྱུ་དཀོན་པ། སྨྲས་ན་བརྗོད་དུ་དཀའ་བ་ཞིག་ནང་གསེར་ཟངས་ཀྱི་གནས་བརྟན་ཆ་ཚང། དེ་མཚུངས་གསེར་