R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 9b
[A:9b]དང་བརྫི་ཁྱིམ། ཤར་ནུབ་གཉིས་བཅས་ནས་སྐུ་དང་མཆོད་རྟེན་ཆེ་ཆུང་དང་བཟོ་དབྱིབས་འདྲ་མིན་མང་པོ་དང། ལྷག་པར་རྣམ་སྲས་སྐུ་ཐང་ངོ་མཚར་ཅན་ཞིག་དང་ལྷ་མགོན་རྟེན་མདོས་ལྡེབས་བྲིས་ཁ་གསར་བཅས་བཞུགས་སོ། །དེའི་ཤར་དུ་མཚར་?ཆེན་བློ་གསལ་རྒྱ་མཚོས་ཕྱག་བཏབ་པའི་བློ་གསལ་རིན་ཆེན་སྒང་གྲྭ་ཚང་གི་རྟེན་གཙོར་འཇམ་མགོན་ས་པཎ་གྱི་དབུ་ཐོད་ལ་དྷི་ཡིག་རང་བྱོན་དུ་འཁྲུང་པ་ཞིག་དང། ས་པཎ་གྱི་འདྲ་སྐུ་ངོ་མཚར་ཅན། རྡོ་རྗེ་གདན་པའི་འདྲ་སྐུ་དེས་གཙོ་བོ་བྱས་པའི་གསེར་ཟངས་དང་རྫི་ཁྱིམ་ལི་མ་བཅས་པའི་སྐུ་དང་མཆོད་རྟེན་མང་པོ། ས་པཎ་དབུ་ཐོད་བཞུགས་པའི་གདུང་རྟེན་དེས་གཙོས་པའི་དངུལ་གྱི་གདུང་རྟེན་བཞི། ལྷ་མོ་དུད་སོལ་མ་བཀའ་གཉན་མ་ཞིག །འབུམ་དང་རྟེན་མདོས་ལྡེབས་བྲིས་བཅས་མཇལ་རྒྱུ་ཡོད། དེའི་ལྷོ་ངོས་ལ་གཏེར་སྟོན་གྲགས་ལ?་མངོན་ཤེས་ནས་ཕྱག་བཏབ་པའི་གློ་གླིང་ཀུན་ཐང་གྲྭ་ཚང་གི་རྟེན་གཙོར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྐུ་ཤམ། འདུ་ཁང་ཆེན་མོའི་སྦུབ་གཙང་ཁང་ནང་ཐུབ་དབང་གཙོ་འཁོར་གསུམ་དང།