R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༥
[A:༩༥] །ཡང༌། བརྒྱུད་སྲོལ་གཅིག་ལ། བ་རི་བ། བླ་མ་གླེ་ནག་པ། དགེ་བཤེས་སྒྲེ་པ། རྗེ་སྒམ་པོ་པ། བླ་མ་ལྷོ་བྲག་པ། ལྷ་ལ་ཡངས་པ། སློབ་དཔོན་དགེ་སློང་བརྟན་པ། སློབ་དཔོན་ཚལ་པ། འཇམ་དབྱངས་ཤཱཀྱ་གཞོན་ནུ། ༈ །ཡང༌། སྒྲོལ་མ་དཀར་མོ་གཉན་གྱི་ལུགས་ཀྱི་རྗེས་གནང་ཞུས་ནས་ཡིག་ཆའི་རིམ་པ་ནི། སྒྲོལ་མ་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས། སྦྱིན་སྲེག ཆོམ་རྐུན་བཅིང་བ། སྒྲིབ་ཤིང་འཁོར་ལོ། གཞན་གྱི་གདུག་རྩུབ་ཞི་བ། ངག་འགྲོལ། ནོར་སྒྲུབ། པྲ་བསྒྲུབ་པ་རྣམས་ཀྱི་བརྒྱུད་པ་ནི། སྒྲོལ་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། གཉན་ལོ། ཁའུ་པ། ས་ཆེན། རྗེ་བཙུན་པ། ས་པཎ། འཕགས་པ། གུ་ན་སཱ་གཱ་རཱ། སིངྷ་པུཥྤ། དཔལ་ལྡན་སེང་གེ མཉམ་མེད་པ། བླ་མ་དམ་པ། བྱང་ཆེན་པ། སྙག་དབེན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །སྒྲོལ་དཀར་པཎ་ཆེན་ལུགས་ནི། སྒྲོལ་མ། པཎ་ཆེན་ཤཱཀྱ་ཤྲཱི། ལྷོ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་གྲགས་གཞོན་པ། རིན་པོ་ཆེ་བསོད་གྲགས་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་བྱང་སེང་པ། ལུང་རིགས་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་རིན་རྒྱལ་བ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་སྒྲུབ་ཐབས་དང༌། རྗེས་གནང་ཆོས་རྗེ་བླ་མས་མཛད་པའི་ཡིག་ཆའི་སྟེང་ནས་བཀའ་ལུང་ཞུས་སོ། ༈ །ཡང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་མ། གསེར་གླིང་པ། ཇོ་བོ་རྗེ། དགེ་བཤེས་སྟོན་པ། སྤྱན་མངའ་བ། བྱ་ཡུལ་བ། དགེ་བཤེས་སྒྲེ་པ། དགེ་བཤེས་གླེ་ནག་པ། བླ་མ་བསམ་གཏན་དར། ཆོས་རྗེ་མི་ཉག་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་