R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༤
[A:༩༤]ཡང་ཐོབ་བོ། ༈ །ཡང༌། གཉན་ལོ་ཙཱ་བའི་ཐུགས་དམ་སྒྲོལ་མ་ཡན་ལག་དྲུག་པར་གྲགས་པའི་རྗེས་གནང༌། མཚན་བརྒྱ་རྩ་བརྒྱད་པར་གྲགས་པའི་བཟླས་ལུང༌། སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཀླུ་སྒྲུབ། བ་ལིང་ཏ་པ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་ཀིརྟི། བེནྡྷ་བ་ཆེན་པོ། གཉན་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། ཆོས་རྒྱལ་འཕགས་པ། ཤར་པ་སྐུ་མཆེད། འཇམ་དབྱངས་ཆེན་པོ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ལས་འགྲིག་རྗེ་བཙུན་ཆེན་པོས་མཛད་པ་ལ། བསྙེན་པ་དང༌། སྒྲུབ་བྱ་དབང་དུ་བསྡུ་བའི་ལས། མཚན་བརྒྱ་འདོན་ཐབས། ཆོམ་རྐུན་བཅིང་བ་སོགས་ཚང་བར་ཐོབ། ༈ །ཡང༌། སྒྲོལ་མ་དཀར་མོ་ཚེ་འཕེལ་མའི་རྗེས་གནང་ཞུས་ནས། ཐོག་མར་ཡིག་ཆའི་རིམ་པ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བདག་བསླུ་བ་བསྡུས་པ་ལས་བཏུས་པའི་སྒྲུབ་ཐབས་བ་རི་བའི་འགྱུར། བསྟོད་པ་ཚིགས་བཅད་མ་སློབ་དཔོན་ངག་དབང་གྲགས་པས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྒྲུབ་ཐབས་རྒྱས་པ། མངོན་རྟོགས་ཞལ་གཟིགས་མ། བརྒྱུད་པའི་ལོ་རྒྱུས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ཆོས་རྗེ་པ། ཆོས་རྒྱལ། གནུར་ཡེ་རྒྱལ། གནུར་ཆོས་རྒྱལ། བདེ་བ་ཅན་པ་སེང་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།