R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༦
[A:༩༦]ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཕགས་མ་སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ་རྣམ་པར་སྣང་མཛད་ཀྱིས་མཛད་པ་གཉན་ལོའི་འགྱུར། ༈ །ཡང༌། སྒྲོལ་མ་ཉི་མ་སྦས་པའི་ལུགས་ཀྱི་ཉི་ཤུ་རྩ་གཅིག་གི་ལས་ཚོགས། ཕྱིར་བཟློག ཡམས་ཞི་བ། ཚེ་འཕེལ་བ། དུག་གསད་པ། དབང་བསྡུད། སྒྲིབ་སྦྱོངས། འཕོ་བ། རྫོགས་རིམ། རབ་གནས། དབང་བསྐུར། ལོངས་སྤྱོད་སྤེལ་བ། སྦྱིན་སྲེག འབྱུང་པོའི་གནོད་པ་ཟློག་པ། འཁྲུལ་འཁོར། ཁྲུས་ཆོག བློ་འཕེལ། ཆོམ་རྐུན་བཅིང་བ། ཀླུ་ནད། གསོ་བ། ཁྲི་མོན་ནས་ཐར་བར་བྱེད་པ། མི་སྣང་བ་བསྒྲུབ་པ། མཁའ་ལ་སྤྱོད་པ་སྟེ། ཉི་ཤུ་རྩ་གཅིག་སོ་སོ་ལ་སྦྱར་བ་དང༌། གཏོར་མ། ཆུ་སྦྱིན། ཚྭ་ཚྭ། སྲེའུ་གསོ་བ་སྟེ་སྤྱིའི་ཡན་ལག་ལྔ། ཉི་མ་སྦས་པས་མཛད་པ་དང༌། དེའི་གསལ་བྱེད་རྗེ་བཙུན་ཆེན་པོས་མཛད་པ་རྣམས་ཀྱི་ལུང་ཞུས་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཉི་མ་སྦས་པ། ཙནྟྲ་གརྦྷ། ཛེ་ཏ་རི། ངག་དབང་གྲགས་པ། དད་བྱེད་གོ་ཆ། དེ་བཞིན་གཤེགས་པ་བསྲུང་བ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ། པུ་ཙེར་ལོ་ཙཱ། དབང་ཕྱུག་རིན་ཆེན། ཆོས་ཀྱི་སེང་གེ བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། བླ་མ་འཕགས་པ། དུས་འཁོར་བ་ཡེ་རིན། བླ་མ་ཀུན་སེང༌། བླ་མ་ཡེ་ཤེས་མགོན། བླ་མ་དར་མ་བཟང་པོ། ཆོས་རྗེ་རི་པ། ཀུན་མཁྱེན་བདེ་ལེགས་དཔལ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།གཙུག་ཏོར་བསྐོར།། ཡང༌། གཙུག་ཏོར་གདུགས་དཀར། གཱི་ཏི་ཝརྟའི་ལུགས། ལྷ་བཞི་ཅུ་ཞེ་གཉིས་ཀྱི་དབང༌། རྗེས་གནང༌། ཁྱད་པར་གྱི་དབང༌། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། མཁན་ཆེན་ཤེས་རབ་རྡོ་