R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༣
[A:༩༣]ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བླ་མ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། མལ་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། བླ་མ་འཕགས་པ། ཉི་ཐོག་པ། མཆོག་ལྡན་ལེགས་པའི་བློ་གྲོས། བླ་ཆེན་སངས་རྒྱས། གར་ཐིག་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། རྡོ་རྗེ་སྒྲོལ་མ་ལྷ་ཉི་ཤུ་རྩ་གཅིག་གི་ལུས་ཀྱི་དཀྱིལ་འཁོར་དབང་པོ་རབ་ཏུ་གྱུར་པའི་གང་ཟག་གིས་སྒོམ་པའི་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྒྲུབ་ཐབས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་སྟེང་ནས། བཀའ་ལུང་ཞུས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་མ་སྒྲོལ་མ། ར་བི་གུཔྟ། ཙནྟྲ་གརྦྷ། བེ་རོ་ཙཱ་ན་རཀྵི་ཏ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། བླ་མ་ཡེ་ཤེས་རིན་ཆེན། བླ་མ་འཁོན་སྟོན། བླ་མ་ཀླུ་བྱང་པ། བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འདིའི་བརྒྱུད་པ་ལུགས་གཅིག་ནི། པཎྜི་ཏ་བཻ་རོ་ཙཱ་ན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་ས་སྐྱ་པ། ཆོས་རྒྱལ་འཕགས་པ། བླ་མ་འཕགས་པ་རིན་ཆེན། བླ་མ་བློ་གྲོས་དཔལ། ཀུན་མཁྱེན་འཕགས་འོད། བུ་སྟོན་ཆོས་རྗེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིར་སྒྲོལ་མ་བརྩོན་འདོན་གྱི་མན་ངག བུ་སྟོན་རིན་པོ་ཆེས་མཛད་པའི་ལུང་