R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༢
[A:༩༢]དང༌། དེའི་སྒྲུབ་ཐབས་ཆེ་ཆུང༌། བསྟོད་པ། ལས་ཚོགས་སྲིའུ་གསོ་བ་དང༌། ཕྱུགས་གོད་བསྲུང་བ། ནད་པ་ལ་ཕན་གདགས་པ། སེར་བ་བཟློག་པ། འདྲེ་མནན་པ་སོགས་རྣམ་གྲངས་ལྔ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་གི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་རིན། ལྕེ་སྟོན་སངས་རྒྱས་དཔལ། རོང་པ་ཆོས་མགོན། ལྕེ་བློ་ལྡན། འཕགས་འོད་ཡོན་ཏན་རྒྱ་མཚོ། མཁན་ཆེན་བུ་སྟོན་རིན་པོ་ཆེ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།སྒྲོལ་མའི་སྐོར།། ཡང༌། རྗེ་བཙུན་མ་སྒྲོལ་མའི་སྐོར་ཐོབ་པ་ལ། ཉི་མ་སྦས་པའི་ལུགས་ཀྱི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་རྗེས་སུ་འབྲངས་པ། ལྷ་བཅུ་བདུན་གྱི་དབང༌། འགྲོ་མགོན་འཕགས་པས་མཛད་པའི་མངོན་དཀྱིལ་གྱི་སྟེང་ནས་བཀའ་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་འཕགས་མ་སྒྲོལ་མ། སློབ་དཔོན་ཉི་མ་སྦས་པ། ཙནྟྲ་གརྦྷ། དགྲ་ལས་རྣམ་རྒྱལ། ངག་དབང་གྲགས་པ། དད་བྱེད་གོ་ཆ། དེ་བཞིན་གཤེགས་པའི་བསྲུང་བ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ། པུ་ཅེར་ལོ་ཙཱ། དབང་ཕྱུག་རིན་ཆེན། ཆོས་ཀྱི་སེང་གེ བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། ཆོས་རྒྱལ་འཕགས་པ། བླ་མ་ཡེ་ཤེས་རིན་ཆེན། བླ་མ་འཁོན་སྟོན། བླ་མ་ཀླུ་བྱང་པ། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བརྒྱུད་སྲོལ་གཅིག་ལ། སྒྲོལ་མ། ཀླུ་སྒྲུབ། ཉི་མ་སྦས་པ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ་བ། ས་ཆེན་པ། རྗེ་བཙུན་པ། མཆིམས་ཆོས་ཀྱི་སེང་གེ ཆོས་རྗེ་འཇམ་གསར། བླ་མ་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་གཞོན་ཚུལ་བ། མཁན་ཆེན་