R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༡
[A:༩༡]པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན་པ། རྗེ་བཙུན་པ། ས་པཎ། ཆོས་རྒྱལ། ལོ་མཆོག ལོ་ཆེན་རྩེ་མོ། མཁན་པོ་བཀྲ་ཤིས་རིན་ཆེན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྒྱལ་འཕགས་པ་ལ། འཛིམ་པ་རིན་ཤེ། བླ་མ་བློ་གྲོས་བཟང་པོ། བླ་མ་བསོད་ནམས་དཔལ་ལྡན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །གཞན་ཡང༌། བ་རི་བ་ལ། མཆིམས་བརྩོན་སེང༌། མཆིམས་ཐམས་ཅད་མཁྱེན་པ། རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། ཆ་གན། གྲགས་ཆེན་པ། གངས་ཁྲོད་པ། མ་ཏི་པཎ་ཆེན། ཚལ་མིན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། མ་གྲུབ་པའི་རྒྱལ་མོས་ཡོ་གི་བཛྲ་ཀཱིརྟི་རྗེས་སུ་བཟུང་བའི་ཚེ་སྒྲུབ་ཐུན་མོང་མ་ཡིན་པ། བླ་མ་དམ་པའི་ཞལ་གཅིག་ནས་གཅིག་དུ་བརྒྱུད་པའི་ཆིག་བརྒྱུད་བཀའ་རྒྱ་མ་དེའི་དབང་དང༌། བསྐྱེད་རྫོགས་ཀྱི་ཁྲིད། བཅུད་ལེན་གྱི་མན་ངག་དང་བཅས་པ། ཆོས་རྗེ་འབའ་རྭ་བས་མཛད་པ་ཚང་བར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། རས་པ་རྡོ་རྗེ་གྲགས། རྗེ་བཙུན་བཞད་པ་རྡོ་རྗེ། སྒམ་པོ་པ། རྗེ་ཁམས་པ། འབྲི་ཁུང་འཇིག་རྟེན་མགོན་པོ། རྗེ་སྤྱན་མངའ་བ། ཡང་དགོན་པ། སྤྱན་མངའ་རིན་ཆེན་ལྡན། མཁས་བཙུན་ཟུར་ཕུག་པ། བླ་མ་དྷྭ་ཛ་ཤྲཱི། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྫོགས་རིམ་གྱི་ཡིག་ཆ་ཆོས་རྗེ་བླ་མས་མཛད་པ་གཅིག་དང༌། ཚེ་དཔག་མེད་ཀྱི་མཚན་བརྒྱ་རྩའི་མདོ། འཆི་མེད་རྔ་སྒྲའི་གཟུངས་རྣམས་ཀྱང་ཐོབ་བོ།། ༈ །།རྟ་མགྲིན་ལྕགས་རལ་ཅན།། ཡང༌། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་ཞལ་གཟིགས། གནང་བ་ཐོབ་པ། རྟ་མགྲིན་ནག་པོའི་རྗེས་སུ་གནང་བ་