R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༠
[A:༩༠]ལའོ། ༈ །ཡང༌། འདིའི་བརྒྱུད་པ་ལུགས་གཞན་ནི། མགོན་པོ་ཚེ་དཔག་མེད། མ་གྲུབ་པའི་རྒྱལ་མོ། བཛྲ་ཀིརྟི། མངའ་རིས་བྱང་ཆུབ་རྡོ་རྗེ། གྲུབ་ཐོབ་རྒྱལ་ཚ་མགོན། བླ་མ་བཟང་ཡུལ་བ། སངས་རྒྱས་སྟོན་པ། རཏྣ་སིངྷ༌། སློབ་དཔོན་ལྷ་གཞོན། མཁན་ཆེན་དང་མ་བ་བརྩོན་འགྲུས་བྱང་ཆུབ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཚེ་དཔག་མེད་གྲུབ་རྒྱལ་མའི་ལྷ་ཚོགས་ལ་བསྟོད་པ་ཡོན་ཏན་ནོར་བུའི་འཕྲེང་བ། ཆོས་སྒོ་བས་མཛད་པའི་ལུང་ཡང་ཞུས་སོ། ༈ །ཡང༌། ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་ལུགས། ཚེ་དཔག་མེད་ལྷ་དགུའི་བསྙེན་པ་དང་དཀྱིལ་འཁོར་གྱི་ཆོ་ག་འཆི་བསླུ་དང་བཅས་པའི་ཡིག་ཆ་ལོ་ཙཱ་བ་རིན་རྣམ་གྱིས་མཛད་པའི་སྟེང་ནས་དབང་བསྐུར་བ་དང་ལུང་ཞུས་པའི་བརྒྱུད་པ་ནི་ཚེ་དཔག་མེད། སྙིང་པོ་ཞབས། བྱང་ཆུབ་བཟང་པོ། ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། རྒྱ་ཞང་ཕུག་པ། འཇད་པ་ཤེར་རིན། ཨེ་པ་འཁོན་སྟོན། བླ་མ་འཇམ་དབྱངས་ཆེན་པོ། རྒྱལ་ཡེ། གྲགས་པ་དཔལ་བཟང༌། ཆོས་འཕགས་རྒྱལ་མཚན། རིན་ཆེན་སེང་གེ ཆོས་རྗེ་བུ་སྟོན། རིན་རྣམ་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང་ན། རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། གཞོན་ནུ་འབུམ། ཆ་གན། གྲགས་ཆེན་པ། ཡང་ན། གཞོན་ནུ་འབུམ། གསལ་བ་ལ། གྲགས་ཆེན་པ། འཕགས་འོད་པ། བུ་སྟོན། རིན་རྣམ་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཆི་མེད་རྔ་སྒྲའི་དབང་སྤྲུ་ལུང་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག གྲུབ་ཐོབ་སྙིང་པོ་ཞབས། ཛེ་ཏ་རི། བྱང་ཆུབ་བཟང་པོ། ཏིང་འཛིན་བཟང་