R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༩
[A:༨༩]པཎ། བླ་མ་འཕགས་པ། བླ་མ་ཤེས་རབ་སེང་གེ བླ་མ་གྲགས་འབྱོར། བླ་མ་འཛམ་གླིང་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བའི་ལུང་ཡང་ཞུས་སོ། ༈ །གཞན་ཡང༌། རིགས་གསུམ་ཀ་དང་འབྲེལ་བ། བྱ་སྤྱོད་ཀྱི་དབང་གི་སྒོ་འབྱེད། རིགས་གསུམ་སྤྱིའི་རིག་པ་གཏད་པའི་ཆོ་ག རྗེ་བཙུན་པས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་མཆོག་ཤེས་རབ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རྩེ་མོ། རྗེ་བཙུན་པ། ཆོས་རྗེ་པ། དོ་པ་སྟོན་ཚུལ། ཡར་ལུང་པ་རྒྱལ་ཚ་ལུང་མངས། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐོག་སྟོན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།ཚེ་དཔག་མེད་ཀྱི་བསྐོར།། གཞན་ཡང༌། ཚེ་དཔག་མེད་བླ་མེད་གྲུབ་པའི་རྒྱལ་མོ་རས་ཆུང་པའི་ལུགས། གན་པ་རིན་རྒྱལ་གྱིས་མཛད་པའི་སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག་ལ་རྟེན་པའི་དབང་བསྐུར་བ་ཡོངས་སུ་རྫོགས་པ་དང༌། དེའི་ལས་ཀྱི་ལྷ་རྟ་མགྲིན་དཔའ་བོ་གཅིག་པའི་རྗེས་གནང་གི་ཡི་གེ་དང་སྒྲུབ་ཐབས། གྲུབ་རྒྱལ་མས་མཛད་པའི་སྟེང་ནས་རྗེས་སུ་གནང་བ་དང་བཅས་པ་ཞུས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གྲུབ་པའི་རྒྱལ་མོ། རྗེ་རས་པ་བཛྲ་ཀིརྟི། འགོས་རི་ཁྲོད་དབང་ཕྱུག ཡར་ལུང་གི་གཉགས་དམར་པོ། རྗེ་བཙུན་ཡོན་ཏན་བཟང་པོ། རིག་པ་འཛིན་པ་གཉོས་ཨ་སེང༌། བླ་མ་གན་པ་རིན་ཆེན་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། གན་པ་རིན་རྒྱལ་ལ་ཆོས་རྗེ་བླ་མ། བླ་མ་རྣམ་རྒྱལ་དཔལ་བཟང༌། མཁན་ཆེན་དཔལ་འབྱོར་བ། ཕ་ཆོས་ཀྱི་རྗེ། དེས་བདག་