R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༥
[A:༨༥]བ། སློབ་དཔོན་མཁས་པ་བྱང་གྲགས་ཀྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྡོ་རྗེ་རྣམ་འཇོམས། ཡེ་ཤེས་ཀྱི་མཁའ་འགྲོ་མ། ས་ཝ་རི་པ། ཛ་བ་རི་པ། དེ་བ་པུརྞ་མ་ཏི། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། གྲུབ་ཐོབ་རྒྱལ་ཚ་རིན་ཆེན། འུམ་བུ་བ་ཆེན་པོ་དབང་ཕྱུག་སྐྱབས། དབང་ཕྱུག་བརྟན་པ། མཁན་པོ་ཀུན་དགའ་དབང་ཕྱུག སློབ་དཔོན་མཁས་པ་བྱང་གྲགས། མཁན་ཆེན་ཡོན་བློ་བ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེ་བདག་ལའོ། །ཡང༌། དབང་ཕྱུག་བརྟན་པ། མཁན་ཆེན་རྩང་པ་དབང་ཕྱུག་གྲགས། མཁན་ཆེན་གཞོན་བྱང་བ། མཁན་ཆེན་ཡོན་རྒྱལ་བ། སྙག་དབོན་རིན་པོ་ཆེ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང་གཤེན་སྟོན་ལ། དམར་སྒང་བུ་ཁ་པ། སྣང་སྟོན་ཤེར་ལྔ། གཉན་སྟོན་གྲགས་པ་རྡོ་རྗེ། སྒྲོ་སྟོན་དར་བྱང༌། རོང་པ་ཆོས་མགོན། མཆོག་ལྡན། སངས་རྒྱས་སྲས། ཡེ་ཤེས་མགོན། བླ་མ་བཟང་པོ། ཆོས་རྗེ་རི་པ། བླ་མ་བདེ་གཤེགས་པ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྣམ་འཇོམས་གཟུངས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཛེ་ཏ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། འཕགས་པ། འུ་ཡུག་པ་བསོད་སེང༌། རི་ཕུག་པ་བྲག་སེང༌། ལྷ་སྡིངས་པ་དབང་རྒྱལ། མ་ཏི། སྙག་དབོན། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།མི་གཡོ་བའི་བསྐོར།། ཡང༌། བླ་མ་ས་སྐྱ་པ་ཆེན་པོས་ཐུགས་ཉམས་སུ་བཞེས་ནས་དངོས་གྲུབ་བརྙེས་པའི་མི་གཡོ་བ་སེམས་དཔའ་སུམ་རྩེགས་ཀྱི་སྐོར་