R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༦
[A:༨༦]ལ། ལྷ་དགུའི་རྗེས་གནང་ཆུ་བསྲུངས་དང་བཅས་པ་ཞུས་ནས། ཡིག་ཆའི་རིམ་པ་ལ། ལོ་རྒྱུས་རྒྱས་པ། ལྷའི་བུ་ལ་སོགས་པ་བདུད་བཞི་ཞི་བའི་ཕྱིར། དབང་པོ་རབ་འབྲིང་གསུམ་གྱི་སྒྲུབ་ཐབས། ཁྱད་པར་དུ་འོག་གདོན་བསྲུང་བ་རྣམས་ལ་སེམས་དཔའ་སུམ་རྩེགས་བཟླས་པ་དང་བཅས་པ། བསྙེན་པའི་ཚད་བསྟན་པ། མེ་འབར་བར་བྱ་བས་གནོད་པ་དྲག་པོ་བཟློག་པ་རིགས་མི་གཅིག་པ་གསུམ། སེ་གོལ་གྱིས་བསྲུང་བ། སྡིགས་མཛུབ་ཀྱིས་བསྲུང་བ། རལ་གྲིའི་བསྲུང་བ། ཉལ་བའི་རྣལ་འབྱོར་རྒྱས་པ། ཆུའི་བསྲུང་བ། རྗེས་གནང་གི་ཡི་གེ མཎྜལ་ལ་བརྟེན་ཏེ་བསྒྲུབ་པ་ལྷ་དགུར་བསྒོམ་པ། རྒྱུན་དུ་བྱ་བའི་གཏོར་མ། ནད་པའི་དོན་དུ་གཏོར་མ། རྨི་ལམ་ངན་པ་དང༌། འཆི་བ་བསླུ་བའི་གཏོར་མ། ལམ་དུ་བསྲུང་བའི་གཏོར་མ། མཆོག་བསྒྲུབ་པའི་གཏོར་མ། གཏོར་བལྟས་བརྟག་ཐབས་དང་བཅས་པ། ལས་བཞིའི་གཏོར་མ། བྲིས་སྐུ་བྱ་ཐབས་རྣམ་པ་བཞི་རབ་གནས་དང་བཅས་པ། གཏུམ་པོའི་འཁྲུལ་འཁོར་ཆེ་ཆུང་གཉིས། མི་མ་ཡིན་པའི་གནོད་པ་ཞི་བ་ལ་སོགས་པ་སྦྱིན་བསྲེག་ལས་བཞི་དང༌། ཏིལ་གྱི་གཟུགས་བརྙན་ལ་བརྟེན་ཏེ་བགེགས་ཚར་བཅད་པའི་སྦྱིན་བསྲེག ལས་ཐོར་བུ་བ་ལ། ནད་པ་དང་བསྲིའུ་གསོ་བ། རྒྱལ་པོ་སོགས་ཕ་རོལ་གྱི་དཔུང་བཟློག་པ་ལ་སོགས་པའི་ཡིག་ཆ་ཞིབ་པ། སློབ་དཔོན་རིན་པོ་ཆེས་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། གཏུམ་པོ་མི་གཡོ་བ། སློབ་དཔོན་ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། རྗེ་བཙུན་བ་རི་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ཆོས་རྗེ་ས་པཎ། ཞང་མདོ་སྡེ་དཔལ། ལོ་མཆོག བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། མི་གཡོ་བ་རྣལ་འབྱོར་བླ་ན་མེད་པའི་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་