R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༤
[A:༨༤]བཙུན་པ། ནུབ་པ་རིག་འཛིན་གྲགས། སྐྱོ་སྟོན་དྲི་མེད། བླ་མ་དར་ཡེས། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བརྒྱུད་སྲོལ་གཅིག་ལ། བིརྺ་པ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ཆོས་རྗེ་པ། ཁང་སྟོན་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདི་ལ་རྒྱུད་སྡེ་བཞི་དང་བསྟུན་པའི་སྒྲུབ་ཐབས་ཆོས་རྗེ་ས་པཎ་གྱིས་མཛད་པ་དང༌། དེ་དང་བསྟུན་པའི་དཀྱིལ་འཁོར་གྱི་ཆོ་ག་རྗེ་བཙུན་རྩེ་མོས་མཛད་པའི་ཀྱེའི་རྡོ་རྗེའི་ཆོ་ག་ལ་གཞི་བླངས་ཏེ་དབྱེ་བསྡུ་མཛད་གྱིན་འདུག་གོ ༈ །བ་རི་ལོ་ཙཱ་བའི་ལུགས་ཀྱི་རྡོ་རྗེ་རྣམ་འཇོམས་ལྷ་བཅོ་ལྔའི་མངོན་དཀྱིལ་དང༌། ལྷ་གཅིག་གི་བྱིན་རླབས་དང་ཁྲུས་ཀྱི་ཆོ་ག ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བདག་ཕྱག་ན་རྡོ་རྗེ། དགྲ་ལས་རྣམ་རྒྱལ། བླ་མ་རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་བ། དབུས་པ་ཟི་སྟོན། གནམ་ཁའུ་པ། གཏུམ་སྟོན་བློ་གྲོས་གྲགས། ཡར་ལུང་པ་ཤེས་རབ་གྲགས། གློ་བོ་ལོ་ཙཱ་བ། འགྲོ་མགོན་ཆོས་རྒྱལ་འཕགས་པ། བླ་མ་རོང་པ་ཤེས་རབ་སེང་གེ བླ་མ་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། རྡོ་རྗེ་རྣམ་འཇོམས་དཀར་པོ་སྐུའི་རིགས་ཀྱི་ལྷ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་