R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༣
[A:༨༣]རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟངས་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སརྫ་ན། ཇོ་བོ་ཏེ་ཛ་དེ་བ། ཟངས་དཀར་ལོ་ཙཱ། གཡོར་པོ་ཇོ་སྟོན། བསོད་ནམས་རིན་ཆེན། འབྱེད་ཕུ་བ། ལྷ་རྗེ་ཇོ་བཟངས། བྱམས་པ་ལོ་ཙཱ། བླ་མ་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ། བླ་མ་ཡང་རྩེ་བ། བུ་སྟོན་ཁ་ཆེ། ལོ་ཙཱ་བ་རིན་རྣམ་པ། བླ་མ་རྣམ་རྒྱལ་དཔལ་བཟངས། མཁན་ཆེན་དཔལ་འབྱོར་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པའི་ཆར་འབེབས་ཀྱང་ཞུས་སོ། ༈ །ཡང༌། ཕྱག་ན་རྡོ་རྗེ་ཨུ་ཙརྻའི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། པད་མ་བཛྲ། ནཱ་གརྫུ་ན། ཙནྟྲ་གོ་མི། དྷརྨྨ་ཕ་ལ། ཟངས་གླིང་པ། ཁམས་པ་ཨ་སེང༌། ཇོ་སྲས་གཉལ་པ། དགེ་འདུན་རྒྱ་མཚོ། སྟོན་དབྱངས། བྱ་སྟོན་བསོད་ནམས་འོད། གྲགས་སེང༌། གར་ཐིག་པ་བསོད་ནམས་རྒྱལ་མཚན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ཡིག་ཆ་ལ། རྗེས་གནང་གི་ཡི་གེ་མདོ་བསྟོད་པ་འཇམ་དབྱངས་ཁ་ཆེས་སྦྱར་བ། གདུག་པ་ཐམས་ཅད་འདུལ་བའི་བརྒྱུད་ལེའུ་བཅུ་པ། ཏིང་ངེ་འཛིན་སྒོམ་པ་དང་སྔགས་ཟླ་བའི་མན་ངག འཛེ་ནད་གསོ་བ། སྨྱོ་བ་གསོ་བ། སྲེའུ་གསོ་བ། འབྱུང་པོ་ཕྲ་མོའི་གནོད་པ་གསོ་བ། ལྟོ་བསྲུངས་སྦྱར་དུག་བསྲུང་བ། རིམས་ནད་བསྲུང་བ། འགྲུབ་པའི་རྟགས། གཏོར་མ་གཏོང་བ་སྟེ་ངན་སྔགས་ཀྱི་སྐོར་གསལ་བ་རིན་པོ་ཆེའི་ཕྲེང་བ། སྒྲུབ་ཐབས་གཅིག་རྣམས་སོ།། ༈ །།རྣམ་འཇོམས་བསྐོར།། ཡང༌། རྡོ་རྗེ་རྣམ་འཇོམས་རྣལ་འབྱོར་དབང་ཕྱུག་ལུགས་ལྷ་བདུན་བཅུ་དོན་ལྔའི་དབང་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་