R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༢
[A:༨༢]གདོང་ཅན། ས་ཝ་རི་པ། ཛ་ཝ་རི་པ། པཎྜི་ཏ་དེ་བ་པུརྞ་མ་ཏི། འགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། ཀྱི་སྟོན་ཆེན་པོ། ཆག་ཆུང་ལོ་ཙཱ་བ། ཚོགས་ལོ་ཙཱ་བ། ཚོགས་བྱང་ཆུབ་གྲགས། དཔལ་ལྡན་ཚོགས་བསྒོམ་སྙིང་པོ་རྒྱན། ཆག་བློ་གྲོས་རྒྱལ་མཚན། ཚ་མོ་ཆེ་པ་རིན་ཆེན་ཤེས་རབ། བསོད་ནམས་བྱང་ཆུབ། ཡང༌། གཤེན་རིན་ཆེན་དངོས་གྲུབ་ལ། དམར་ཆོས་རྒྱལ། མངའ་རིས་པ་ཀྱི་སྟོན། ཚུལ་ཁྲིམས་སྐྱབས། འཕགས་པ་སྐྱབས། གྲུབ་ཐོབ་གསེར་སྡིངས་པ། ཀུན་མཁྱེན་ཆོས་འོད། འཁོན་ཆོས་དང༌། རིན་པོ་ཆེ་བསོད་ནམས་བྱང་ཆུབ། འཛམ་གླིང་པཎྜི་ཏ། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། དམར་ཆོས་རྒྱལ་ལ། སྒང་སྟོན་ཤེས་རབ་བླ་མ། སྲས་ཤེས་རབ་འབུམ། ཁུ་སྟོན་ཤེས་རབ་དངོས་གྲུབ། གྲུ་རྡོ་རྗེ་སེང་གེ བླ་མ་ཆོས་མགོན། རི་ལུང་ཕུག་པ་རིན་ཆེན་འབྱུང་གནས། ཀུན་མཁྱེན་འཛམ་གླིང་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བརྒྱུད་སྲོལ་གཅིག་ལ། རྡོ་རྗེ་འཆང༌། མཁའ་འགྲོ་སེང་གེ་གདོང་ཅན། ཤ་བ་རི་པ། ཛ་བ་རི་པ། བལ་པོ་དེ་ཝ་པུརྞ་མ་ཏི། འགར་ཆོས་བཟངས། གཤེན་རིན་ཆེན་དངོས་གྲུབ། དམར་ཆོས་རྒྱལ། སྒང་སྟོན་ཤེས་རབ་བླ་མ། སྒང་སྟོན་ཤེས་རབ་འབུམ། གྲུ་སྟོན་རྡོར་སེང༌། ཁུ་སྟོན་ཤེར་འབུམ། བླ་མ་ཆོས་མགོན། ལོ་མཆོག བག་སྟོན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ་དེས་བདག་ལའོ། ༈ །ཡང༌། དཔལ་ཕྱག་ན་རྡོ་རྗེ་འགྲོ་བཟངས་ཀྱི་དབང་བསྐུར་བ་རྒྱ་གཞུང་གི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་