R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༡
[A:༨༡]ཞིག་པོ། གཡོར་ཉི་མ་བརྩོན་འགྲུས། སྲས་མཆོག་དཔལ། བློ་ཆེན་སངས་རྒྱས་སྲས། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དེའི་ཡིག་ཆའི་རིམ་པ་ལ། དབྱངས་ཅན་མའི་རྗེས་གནང༌། བསྙེན་བསྒྲུབ་ཀྱི་ཡི་གེ སུམ་ལོའི་ཞལ་གདམས་དམར་གྱིས་སྦྱར་བ། དབྱངས་ཅན་མའི་སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཚུལ་བློས་སྦྱར་བ། བསྟོད་པ་བྲམ་ཟེ་ཕུར་བུས་མཛད་པ། སྒྲུབ་ཐབས་ངག་གི་འོད་ཟེར་ཕུར་བུས་མཛད་པ། སྒྲུབ་ཐབས་ཉི་མའི་འོད་ཟེར་ལེའུ་བདུན་པ་ཚུལ་བློས་སྦྱར་བ། ཡང་སྒྲུབ་པའི་རིམ་པ་ཟླ་བ་འདོད་འཇོ་དང༌། ཁྲུས་ཆོག་ཚུལ་བློས་སྦྱར་བ། ཞལ་གདམས་སུམ་ལོའི་ཐུགས་དམ་དམར་ཁྲིད་རྣམས་སོ། ༈ །ཡང༌། དབྱངས་ཅན་མ་དམར་མོའི་རྗེས་གནང་གི་བརྒྱུད་པ་ནི། ཀུ་སུ་ལུ་པ། དཔལ་འཛིན། རྒྱལ་པོ་རཱ་ཛ་ཀ་ཡ། དེའི་ཡིག་མཁན་པཎྜི་ཏ། པཎྜི་ཏ་འབུམ་ཕྲག་གསུམ་པ། བལ་པོ་དྷ་ལ་ཏ་ལ། དེ་གཉིས་ཀ་ལ། མར་པ་དོ་པ། གཟེ་བ་བློ་ལྡན། ཁམས་པ་ཡབ་སྲས། བླ་མ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དེའི་ཡིག་ཆ་ལ། དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་པཎྜི་ཏའི་གསུང་ལ་ཡར་ལུང་པ་སེང་རྒྱལ་གྱིས་མཆན་བུ་བཏབ་པ་ཟེར་བ་གཅིག ཡང༌། ལོ་རྒྱུས། སྒྲུབ་ཐབས། གཏོར་འབུལ་ལག་ལེན་དང་བཅས་པའང་ཞུས་སོ།། ༈ །།ཕྱག་རྡོར་བསྐོར།། ཕྱག་ན་རྡོ་རྗེའི་སྐོར་ལ། དམར་ཆོས་ཀྱིས་རྒྱལ་པོས་མཛད་པའི་མངོན་རྟོགས་དང་དཀྱིལ་ཆོག་གི་སྟེང་ནས། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་དང་ལུང་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཌཱ་ཀི་མ་སིང་ཧའི་