R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༠
[A:༨༠]སྟོན་ཤེ། ཤེས་རབ་གཞོན་ནུ། ཀུན་མཁྱེན་ནམ་མཁའ་ཤེས་རབ། བླ་མ་རྫིང་ཁ་བ། བླ་མ་འཛམ་གླིང་པ། མཁན་ཆེན་ཤེས་རྡོར་བ། རྗེ་བཙུན་དམ་པ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཇམ་དབྱངས་དཀར་པོའི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དཔལ། པཎྜི་ཏ་མ་ཏི་གསང་མཚན་སྒེག་པའི་རྡོ་རྗེ། ནོར་བུ་གླིང་པ་ཆུང་བ། སློབ་དཔོན་འབྱུང་གནས་སྦས་པ། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། མཁན་པོ་དབང་ཕྱུག་གྲགས། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་བརྩོན་འགྲུས་བྱང་ཆུབ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འདིའི་སྒྲུབ་ཐབས་དང༌། འཁོར་ལོའི་མན་ངག་ལ་སོགས་པ། པཎ་ཆེན་ལས་བྱུང་བ་བཞིན། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་སྒྱུར་ནས་ཡི་གེར་བཀོད་པ། འཇམ་དབྱངས་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་ཟླ་བའི་འབྱུང་གནས་སྦས་པས་མཛད་པ། ཁྲོ་ལོའི་འགྱུར། འཁོར་ལོའི་གནད་ཀྱི་ཞལ་གདམས་ཁྲོ་ལོས་མཛད་པ་རྣམས་ཞུས་སོ། ༈ །ཡང༌། འཇམ་དབྱངས་ཤེས་རབ་འཁོར་ལོའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ། སློབ་དཔོན་ཟླ་བའི་འབྱུང་གནས་སྦས་པ། ར་ཧུ་ལ་ཤྲཱི། བི་ན་ཡ་ཤྲཱི། བི་ཁྱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། ཁྲོ་ཕུ་ལོ་ཙཱ་བྱང་སེམས་པ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།དབྱངས་ཅན་མའི་སྐོར།། ཡང༌། དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་མས་རྗེས་སུ་བཟུང་བའི་བྲམ་ཟེ་ཕུར་བུ་གཏུམ་པོ། བདེ་ཆེན་མཆོད་སྡོང༌། སེང་གེ ཉེ་བའི་སེང་གེ དཔེ་མེད་མཚོ། རྒྱ་མཚོ་ཆེན་པོ། སུམ་པ་ལོ་ཙཱ་བ། གཉལ་པ་ཞང་ཚེ། གཉལ་པ་