R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༩
[A:༧༩]པ། སྲས་ཨ་ཀ་ར་སིདྡྷི། ཆོས་རྗེ་བྲག་ཁ་བ་གྲགས་པ་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རིལ་བུ་དང་བཅས་པའི་ནང་བསྒྲུབ་ཟབ་མོ། རྗེས་གནང་གི་ཡིག་ཆ་བླ་ཆེན་བསོད་བློ་བས་མཛད་པ་དང་བཅས་པའི་སྟེང་ནས་བཀའ་ལུང་ཞུས་པའི་བརྒྱུད་པ་ནི། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཟླ་བ་གྲགས་པ། པ་ཙབ་ལོ་ཙཱ་བ་ཉི་མ་གྲགས། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པ། བླ་མ་ནགས་ཕུག་པ། གདན་ས་བ། ལྷོ་པ་གྲུབ་སེང༌། བླ་མ་འཇམ་སྐྱ། བླ་མ་ཟླ་འོད། འཛམ་གླིང་པཎྜི་ཏ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཇམ་དཔལ་སྨྲ་སེང་གི་རིག་གཏད་ཀྱི་བརྒྱུད་པ་ནི། འཇམ་དཔལ་སྨྲ་སེང༌། འགྲོ་མགོན་དམ་པ་རྒྱ་གར། ཁ་ཆེ་གུ་ཧྱ། ལོ་བཙུན་ཆུང༌། ཀླན་བསྒོམ་ཡབ་སྲས། སློབ་དཔོན་འོད་ཤཱཀ ལོ་ཙཱ་བ་མཆོག་ལྡན། བླ་མ་བསོད་ནམས་སེང་གེ གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་རྒྱ་གཞུང་དམ་པ་རིན་པོ་ཆེས་མཛད་པ་དང༌། སྒྲུབ་ཐབས་མཁན་ཆེན་ཤེས་རྡོར་བས་མཛད་པའི་ལུང་ཡང་ཐོབ་བོ། ༈ །ཡང༌། འཇམ་དཔལ་དམར་པོ་གསུང་གི་སྒྲུབ་ཐབས་དམ་པ་རིན་པོ་ཆེས་མཛད་པའི་རྒྱ་གཞུང་གི་སྟེང་ནས་ལུང་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ་དྲང་སྲོང་ཉི་མའི་ཤིང་རྟ། བྲམ་ཟེ་རིགས་བྱེད་གཞོན་ནུ། སློབ་དཔོན་ཀ་མ་ལ་ཤཱི་ལ། ཁམས་ཀྱི་མེས་སྟོན་ཤེས་རབ་སེང་གེ སློབ་དཔོན་སྨུལ་སྟོན། པུ་འབོར་བ་རྡོ་རྗེ་སེང་གེ བསམ་ཡས་པའི་རྣལ་འབྱོར་པ་དྷརྨཱ་ཤཱི་ལ། སྐྱེ་མེད་