R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༨
[A:༧༨]ས་སྐྱ་པས་མཛད་པའི་སྟེང་ནས་ལུང་དང་བཅས་པ་ཞུས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། མཁས་པ་རབ་འབྱོར་སྐྱངས། སློབ་དཔོན་ཀུན་དགའ་སྙིང་པོ། པཎྜི་ཏ་ཤེས་རབ་སྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨྨ། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ། མངའ་རིས་པ། བྲག་སྟེངས་པ། མལ་ལོ་ཙཱ་བ། ས་ཆེན་པ། ཡང༌། ལོ་ཙཱ་བ་ཆེན་པོ་ལས། དབུས་པ་དགེ་སེར། ཁའུ་པ་སྐུ་མཆེད། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་ས་སྐྱ་པ། སློབ་དཔོན་མི་ཕམ་པ། རྒན་མོ་ལྷས་པ། བྱང་ཆེན་པ་བསོད་ནམས་འཕེལ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། སློབ་དཔོན་མི་ཕམ་ལ། བླ་མ་ཁམ་པ། རྟས་ཏེ་སེང་རྒྱལ། བླ་མ་ཤེས་རབ་སེང་གེ བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྒན་མོ་ལྷས་པ་ལ། རྟས་ཏེ་སེང་རྒྱལ། ནམ་མཁའ་བཟང་པོ། མཆོག་ལྡན། བློ་ཆེན་པ། བདེ་བ་ཅན་པ་ཡེ་ཤེས་མགོན། བདེ་བ་ཅན་པ་སེང་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཇམ་དཔལ་ཨ་ར་པ་ཙ་ན་ལྷ་གཅིག་གི་སྒྲུབ་ཐབས་ཆོས་རྗེ་ས་པཎ་གྱིས་མཛད་པ། རྒྱལ་བ་བསོད་ནམས་སེང་གེའི་རྗེས་གནང་གི་ཡི་གེའི་སྟེང་ནས། བཀའ་ལུང་ཞུས་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། བླ་མ་རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རྩེ་མོ། རྗེ་བཙུན་པ། ཆོས་རྗེ་ས་པཎ། ཆོས་རྗེ་འཕགས་པ། བླ་ཆེན་རོང་