R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༢
[A:༧༢]རིན། གན་པ་རིན་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། གན་པ་ཆོས་རྒྱལ། ཤེས་རབ་རྡོ་རྗེ། གན་པ་རིན་རྒྱལ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཕུར་པ་ལྷ་ཁྲ་ས་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། ཀརྨྨ་ཧེ་རུ་ཀ རིགས་ཀྱི་རྡོ་རྗེ་འཆང༌། སློབ་དཔོན་ཨུ་པ་རཱ་ཛ། པྲ་ཧ་ཏི། དྷ་ན་སཾ་ཀྲི་ཏ། པད་མ་སཾ་བྷ་ཝ། སྣ་ནམ་རྡོ་རྗེ་བདུད་འཇོམས། རྡོ་རྗེ་རིན་པོ་ཆེ། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང༌། འཁོན་སྟོན་བལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་ཆེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྗེ་བཙུན་སྐུ་མཆེད་ནས། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ། འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོའོ། །ཡང༌། འཕགས་པ། དབོན་དཀར་བ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཐེག་ཆེན་པའོ། །ཡང༌། རྡོ་རྗེ་སེམས་དཔའ། པད་མ་འབྱུང་གནས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམ་སྒོམ། མཆོག་གི་ལེགས་པ། ཤེས་རབ་