R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༣
[A:༧༣]ཚུལ་ཁྲིམས། མཆོག་གི་སེམས་དཔའ། དཀོན་མཆོག་རྒྱལ་པོ། མཐའ་བཞི་སྟོན་པ། རྡོ་རྗེ་དྲག་པོ། རྡོ་རྗེ་ཐོད་ཕྲེང༌། རོལ་པའི་རྡོ་རྗེ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་རྒྱལ་འཕགས་པའོ། །ཡང༌། གློ་བོ་ལོ་ཙཱ་བས་བལ་པོའི་པཎྜི་ཏ་རཏྣ་ཤྲཱི་ལའང་ཞུས། རྡོ་རྗེ་ཕུར་པ་རྩ་བའི་དུམ་བུ་ལས་ཕྱུང་བ། སློབ་དཔོན་པད་མས་མཛད་པའི་ཕྲིན་ལས། ས་ཆེན་པས་མཛད་པའི་མངོན་རྟོགས་ལས་བྱང༌། བསྙེན་ཕུར་སོགས་མན་ངག་གསུམ། རྗེ་བཙུན་པས་མཛད་པའི་སྒྲུབ་ཐབས་ཐོ་ཡིག མཆོད་གཏོར། སྔགས་བཟླས་ཚུལ་གསུམ། ཕྲ་མེན་སོགས་ཀྱི་བར་ཆད་བསྲུང་བ། གདོན་འདུལ་བ། རྡོ་རྗེ་གཞོན་ནུ་རྒྱན་གྱི་མན་ངག ཆོས་རྗེ་བླ་མ་དམ་པས་མཛད་པའི་སྒྲུབ་ཐབས་ཀླགས་པས་དོན་གྲུབ། དོན་གྲུབ་སྙིང་པོ། ཡང་སྙིང་ལྷན་སྐྱེས་གསལ་བ། དབང་ཆོག་རྟོགས་པར་སླ་བ་རྣམས་ཀྱི་ལུང་ཞུས།། ༈ །།ཡང༌། དཀར་མོ་ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན་གྱི་གཏོར་ཆོག་དང༌། རྗེས་གནང་གི་ཡི་གེ བདུད་རྒྱལ་ཐོད་ཕྲེང་ཅན་གྱི་གཏོར་ཆོག་དང༌། རྗེས་གནང་གི་ཡི་གེ་རྣམས། སྔགས་འཆང་ཀུན་དགའ་ཟླ་བས་མཛད་པའི་སྟེང་ནས་བཀའ་ལུང་ཞུས་པའི་བརྒྱུད་པ་ནི། འཕགས་པ་ཡན་ཕུར་པའི་དབང་བརྒྱུད་དང་འདྲ་བ་ལས། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཀུན་སྤངས་ཆོས་གྲགས་དཔལ། མ་ཏི་པཎ་ཆེན། བླ་མ་དམ་པ་བྱང་སེང་པ། ཆོས་རྗེ་ཀུན་དགའ་བཀྲ་ཤིས་པ། རྗེ་བཙུན་རིན་པོ་ཆེ་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།སྤྱན་རས་གཟིགས་ཀྱི་སྐོར། ཡང༌། བླ་མ་དམ་པ་དེ་ལས། རིགས་གསུམ་མགོན་པོའི་སྐོར་ཞུས་པའི་དང་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐོར་ལ། སྤྱན་རས་གཟིགས་རྣལ་འབྱོར་བླ་མེད་ཀྱི་ལུགས། པད་མ་དྲྭ་བ་ཅན་ལྷ་བཞི་བཅུ་ཞེ་དྲུག་གི་དཀྱིལ་འཁོར་གྱི་སྒྲུབ་ཐབས། མཁན་ཆེན་