R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༠
[A:༧༠]སྲེག་མི་མཐུན་ཀུན་སེལ། རྒྱས་པའི་སྦྱིན་སྲེག་འདོད་པ་ཀུན་འཕེལ། དབང་གི་སྦྱིན་སྲེག་གནད་ཀྱི་ལྕགས་ཀྱུ། རྫོགས་རིམ་མཚན་མ་གྱེན་སྒྲེང༌། རྭ་རྩེའི་རྣལ་འབྱོར། མཚན་མོ་རྒྱུ་བའི་མན་ངག འཁྲུལ་འཁོར་བྲི་ཐབས། འཆི་ཁ་མའི་གདམས་ངག གཏོར་མའི་མན་ངག ལྷ་བཅུ་གསུམ་གྱི་མངོན་རྟོགས་ཡིད་བཞིན་གཏེར་མཛོད། དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྣམས་རྭ་ལོས་མཛད་པ། ཉི་མ་བཞི་པའི་མན་ངག་རྭ་འབུམ་སེང་གིས་མཛད་པ། ལས་མཁན་ཙྪུན་ཙྪུན་དྷ་རའི་སྒྲུབ་ཐབས། དེའི་ཆོ་ག་ཞིབ་མོ་བཤད་པ། ཕྱག་མཚན་སུམ་ཅུ་རྩ་གཉིས་ལ་རྟེན་ནས་འཕྲིན་ལས་སྣ་ཚོགས་བསྒྲུབ་པ། རྒྱ་སྟོན་པས་མཛད་པའི་རྟོག་བདུན་དང་རྟོག་གསུམ་གྱི་འགྲེལ་པ། བུ་སྟོན་ཆོས་རྗེས་མཛད་པའི་རྟོག་གསུམ་གྱི་འཁྲུལ་འཁོར་གསལ་བྱེད་མེ་ལོང་ལག་ཁྲིད་ཞལ་ཤེས་དང་བཅས་པ། འཁྲུལ་འཁོར་རྣམས་ཀྱི་དཔེ་ཆུང་དང༌། བྲི་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་བསྒོམ་ཚུལ་བོགས་འདོན་སྔགས་ཀྱི་བཟླས་པས་འཕྲིན་ལས་སྒྲུབ་པའི་ཚུལ་འབྲི་ཁུང་དཔལ་འཛིན་གྱིས་མཛད་པ། ཡང༌། ཡི་གེ་བཞི་པའི་མན་ངག ཤོག་དྲིལ་གསུམ་གྱི་གནད་འགྲོལ། ཞི་བ་འཇིགས་པ་བརྒྱད་ལས་སྐྱོབ་པ་སོགས་ཀྱི་ཞལ་ཤེས། ལོ་ཙཱ་བ་ཕྱི་མ་དང་རྒྱ་སྟོན་གྱིས་མཛད་པ། དམར་པོ་མདའ་གཞུ་འགེངས་པའི་རྗེས་གནང་དང༌། མན་ངག་ཞལ་ཤེས་གསུམ་དྲིལ། ཡི་གེ་བཞི་པའི་གསད་བཟློག་ལས་ཀྱི་ཤམ་བུ་དང་བཅས་པ། འཇིགས་བྱེད་སྔོ་ནག་ཕྱག་གཉིས་པ་ལ་རྟེན་ནས་དུག་འཇོམས་པའི་མན་ངག་དུག་དབང་རྨ་བྱ་རྒྱས་པའི་དབང་བསྐུར་དང༌། ཡིག་ཆའི་རིམ་པ། ལོ་རྒྱུས། བརྟག་ཐབས། གསོ་བ། བསྲུང་བ། འདྲེད་བྱ་བ། བྱ་རྭ་བ། དབང་བསྐུར་གྱི་ཡིག་སྣ་ཆེ་ཆུང་རྣམས་སོ། ༈ །ཡང༌། འཇིགས་བྱེད་ཕྱག་དྲུག་པའི་མངོན་རྟོགས་ཁམས་གསུམ་ཟ་བྱེད། ཕྱག་བཞི་པའི་མངོན་རྟོགས་དྲི་མེད་ཆུ་རྒྱུན། ཕྱག་གཉིས་པའི་མངོན་རྟོགས་རིན་ཆེན་དོན་འདུས། མན་ངག་བཅུད་ཀྱི་ཐིགས་པ་རྣམས་རྭ་ལོས་མཛད་པའི་ལུང་ཡང་ཞུས་སོ། ༈ །ལས་གཤིན་གྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་མ་ར་ཙནྟྲ། ནཱ་ག་བོ་ཏི། ལི་ལ་བཛྲ། ཛྙཱ་ན་ཀཱིརྟི། མི་ཉག་སྟོན་བསྒོམ། ལོ་བསྒོམ་ཞིག་པོ། ཞང་བསོད་ནམས་རིན་ཆེན། ཐང་བསྟོད་པ་ཤེས་རབ་རྒྱལ་མཚན། བླ་མ་རྡོ་རྗེ་བཟང་པོ། བླ་མ་ཨཱརྻ་དེ་བ། ཆོས་རྗེ་ཀུན་བློ་བ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ཡིག་ཆ་ལ། ལ་ལི་ཏ་བཛྲས་མཛད་པའི་སྒྲུབ་ཐབས། བལ་པོ་ཐུགས་རྗེ་ཆེན་པོ་དང་རྭ་ལོ་ཙཱ་བའི་འགྱུར། དེའི་མན་ངག་བསྙེན་བསྒྲུབ་གསད་གསུམ་གྱི་ལས་སྒྲིགས། བླ་མ་ཆེན་པོའི་གདམས་པ་ལྕགས་བསྒོམ་རས་པ་ལ་གཏད་པ། རྗེས་གནང་གི་ཡི་གེ་བླ་མ་ཨཱརྻ་བས་མཛད་པ་རྣམས་སོ།། ༈ །།ཡང་ཕུར་སོགས། ཡང༌། དཔལ་ལྡན་བླ་མ་བཀའ་དྲིན་མཉམ་མེད་དེ་ལས། གསང་སྔགས་སྔ་འགྱུར་རྙིང་མའི་སྐོར་ཐོབ་པ་ལ། ཡང་དག་པ་ལུགས་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཆོ་ག་སློབ་དཔོན་ཧཱུྃ་ཀ་རའི་རྒྱ་གཞུང་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ཤྲཱི་ཧེ་རུ་ཀ དཔལ་རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། བུདྡྷ་གུ་ཧྱ། དཔལ་ཧཱུྃ་ཀ་ར། ཨོ་ཌི་ཡ་ནའི་པད་མ་སཾ་བྷ་ཝ། བི་མ་ལ་མི་ཏྲ། བལ་པོ་ཤཱཀྱ་མཉྫུ། སྣ་ནམ་རྡོ་རྗེ་བདུད་འཇོམས། སྙགས་ཉི་མ་ཀུ་མཱ་ར། འཁོན་རྡོ་རྗེ་རིན་ཆེན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་མཐོང༌། དགེ་སྐྱབས། བལ་པོ་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་པ། གན་པ་སྟོན་དར། པྲཛྙཱ་མ་ཏི། གན་པ་ཆོས་རྒྱལ། གན་པ་ཆོས་