R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༧
[A:༦༧]གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རོང་པ་རྒྭ་ལོ། རོང་པ་ཤེས་རབ་སེང་གེ རོང་པ་རྡོ་རྗེ་རྒྱལ་མཚན། བུ་སྟོན་ཆོས་ཀྱི་རྗེ། མཁན་ཆེན་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲགས་རྒྱལ་བ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།ཡང༌། བརྒྱུད་སྲོལ་གཅིག་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། བྷ་དྷ་པ། དྷ་མ་པ། དེ་བ་པ། ཛེ་ཏ་རི་པ། ཨ་ན་ཀ་བཛྲ། ཨ་ཀཱ་ར་མ་ཏི། བལ་པོ་ཐུགས་རྗེ་ཆེན་པོ། རྗེ་བཙུན་རྭ་ལོ་ནས་སྔར་ལྟར་རོ། །འདིའི་སྒྲུབ་ཐབས་མཁན་ཆེན་རིན་རྣམ་པས་མཛད་པའི་ལུང་ཡང་ཐོབ། །ཡང༌། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་ཆུང་གཉིས། སྐྱོ་འོད་ཀྱི་འབྱུང་གནས། རྩངས་ཡང་དག་འབར། རྩངས་ཡང་དག་རྡོ་རྗེ། རྔོག་རྡོ་རྗེ་རྒྱལ་པོ། གཟེ་བ་དོན་གྲུབ་སེང་གེ ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། བླ་མ་འཕགས་པ། ཞང་སྟོན་རིན་ཆེན་དཔལ། བླ་མ་བསོད་ནམས་འབུམ། བླ་མ་གཞོན་ཚུལ་བ། ས་བཟངས་པཎ་ཆེན། ཡང༌། སྐྱོ་འོད་འབྱུང་ལ། སྐྱོ་འཇམ་དཔལ། སྐྱོ་པད་མ། སྐྱོ་ཁམ་ལུང་པ། གཉན་རིན་ཆེན་བརྟན། གཉན་འོད་བསྲུངས། གཉན་ཆོས་རྒྱལ། བླ་མ་འཕགས་པ། བློ་ཆེན་པ། བླ་མ་གཞོན་ཚུལ་བ། ས་བཟངས་པཎ་ཆེན། ས་བཟངས་འཕགས་པ། འདན་སྟོན་པུཎྱེ་ཛྙཱ་ན། བླ་མ་དཔལ་ལྡན་ལེགས་དབང༌། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་རྭ་ལོ་ཙཱ་བའི་ལུགས། ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལ་ལི་ཏ་བཛྲ། ཨ་