R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༦
[A:༦༦]མན་ངག་གི་ཁྲིད་ཡོངས་སུ་རྫོགས་པ་ཐོབ་ཅིང༌། ཡིག་ཆའི་སྐོར་ལ་ལྷ་ལྔའི་དཀྱིལ་ཆོག་མངོན་རྟོགས། ལས་བཞིའི་སྦྱིན་སྲེག ཞི་བའི་སྦྱིན་སྲེག མཆོད་ཕྲེང༌། རང་བྱིན་བརླབས་ཀྱི་ཡིག་ཆ་རྣམས་བུ་སྟོན་ཆོས་རྗེས་མཛད་པ། ལྷ་ལྔའི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་ཐབས། གཏོར་ཆོག་རྣམས་བི་རུ་པས་མཛད་པ་རྣམས་ཀྱི་ལུང་ཀྱང་ཐོབ་བོ། ༈ །ཡང༌། བཅོམ་ལྡན་འདས་གཤིན་རྗེའི་གཤེད་དགྲ་ནག་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏི་ལོ་པ། ནཱ་རོ་པ། པྲཛྙ་རཀྵི་ཏ། ཛེ་ཏ་རི་པ། རྭ་ལོ་ཙཱ་བ་བཛྲ་ཀིརྟི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རོང་པ་རྒྭ་ལོ། རོང་པ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཆོས་ཀྱི་རྗེ། མཁན་ཆེན་རིན་རྣམ་པ། མཁན་ཆེན་གྲགས་རྒྱལ་བ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བརྒྱུད་སྲོལ་གཅིག་ལ། འཇམ་དབྱངས། ཡེ་ཤེས་ཞབས། དཔལ་སྡེ་བ། དྲི་མེད་སྦས་པ། ཀརྞ་པ། ས་མནྟ་བྷ་ཏྲ། དཔལ་འཛིན། ཀ་ཡཥྠ་པ། ཛྙཱ་ན་མི་ཏྲ། རཏྣ་ཀིརྟཱི། པེན་དྷ་བ། སོ་ན་ཤྲཱི། མེན་ཛ་གླིང་པ། ཐུགས་རྗེ་ཆེན་པོའི་བར་སྔར་བཞིན་ནོ། །འདིའི་མངོན་པར་རྟོགས་པའི་སྒོམ་ཚུལ་མཁན་ཆེན་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ལུང་ཡང་ཐོབ་བོ། །ཞྭ་ལུ་བའི་ཕྱག་ལེན་ལ། དབང་གི་ཆོ་ག་གཤེད་དམར་བཅུ་གསུམ་མའི་ཡིག་ཆ་དེའི་སྟེང་ནས་མཛད་པར་གདའོ།། ༈ །།ཡང༌། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཞལ་དྲུག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡོངས་སུ་རྫོགས་པ་ཐོབ་ནས། བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏི་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། མེན་ཛ་གླིང་པ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་