R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༨
[A:༦༨]མོ་གྷ་བཛྲ། ཨ་ནནྟ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དི་པཾ་ཀ་ར། རྭ་རྡོ་རྗེ་གྲགས། རྭ་ཡེ་ཤེས་སེང་གེ རྭ་ཆོས་རབ། རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་བྱང་ཆུབ་དར། འཛམ་གླིང་པཎྜི་ཏ། བླ་མ་ཨ་མོ་གྷ་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་གོ །ཡང༌། བླ་ཆེན་རོང་པ། བླ་མ་ཤེས་རབ་སེང་གེ བག་སྟོན་གཞོན་ཚུལ་བ། ཁྱུང་རི་པ། རྗེ་བཙུན་སེང་གེ ཡང༌། རྭ་འབུམ་སེང་ལ། དབུས་པ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། ཆོས་རྒྱལ་འཕགས་པ། ཤར་པ་རྒྱལ་མཚན་བཟང་པོ། གུ་རུམ་པ་དཀོན་མཆོག་རྒྱལ་མཚན། བླ་མ་ཚུལ་རྒྱལ་བ། བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་ཤེས་རབ་སེང་གེ་ལ། བག་སྟོན་གཞོན་ཚུལ། བག་སྟོན་ཚུལ་རྒྱལ། ཀུན་མཁྱེན་བདེ་ལེགས་དཔལ། གཉག་དབོན་ཆོས་རྗེ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་རྗེ། དེས་བདག་ལའོ། །ཡང༌། རྭ་ཆོས་རབ། དཀོན་མཆོག་སེང་གེ ཤེས་རབ་རྒྱལ་མཚན། བག་སྟོན་ཀུན་དགའ་རྒྱལ་མཚན། བླ་མ་ཆོས་གྲགས། བླ་མ་རྒྱལ་མཚན་དཔལ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྭ་ཡེ་ཤེས་སེང་གེ རྭ་དྷརྨྨ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། བླ་མ་ཡོན་ཏན་འབུམ། བླ་མ་སངས་རྒྱས་སྐྱབས་པ། བླ་མ་རྒྱལ་མཚན་ཚུལ་ཁྲིམས། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་མལ་ལོ་ཙཱ་བ་ལུགས་ཀྱི་རོ་ལངས་བརྒྱད་བསྐོར་དུ་གྲགས་པ་དེའི་སྒྲུབ་དཀྱིལ་ཆོས་རྗེ་འཕགས་པས་མཛད་པའི་སྟེང་ནས་བཀའ་དང་ལུང་ཞུས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་