R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༥
[A:༦༥]པ། མངོན་པར་རྟོགས་པ་སྒོམ་པའི་ཚུལ། མཆོད་ཕྲེང་རྣམས་བུ་སྟོན་ཆོས་རྗེས་མཛད་པ། གཤིན་རྗེ་གཤེད་དམར་པོའི་རྫོགས་རིམ་རྣལ་འབྱོར་བཞིའི་རིམ་པ་དཔལ་འཛིན་གྱིས་མཛད་པའི་རྡོ་རྗེའི་ཚིག་རྐང༌། དེའི་མན་ངག་གི་གནད་དཱརྤན་ཨཱ་ཙརྻའི་གསུང་བཞིན། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བཀོད་པའི་སྟེང་ནས་ཉམས་ཁྲིད་ཀྱི་ཚུལ་དུ་ཚང་བར་ཐོབ། དེའི་ཆ་ལག་སྔོན་འགྲོ་བསག་སྦྱང་གཉིས་དང༌། རྣལ་འབྱོར་བཞིའི་བྱིན་བརླབས་ཞལ་ཤེས་ཕྱོགས་གླང་གསར་མས་མཛད་པ། རྣམ་རྟོག་འོད་གསལ་གྱི་བྱིན་བརླབས་དང༌། འཁྲུལ་འཁོར་དང་ཕྱིར་བཟློག་དྲུག་གི་བྱིན་བརླབས་ཤེས་རབ་དར་གྱིས་མཛད་པ། རྫས་ཀྱི་བཅུད་ལེན། ཁོལ་བསྒྲུབ། ཕྱག་མཚན་གཉིས་ཀྱི་སྒྲུབ་ཐབས། ཁྲོ་བོ་བཅུའི་བསྲུང་འཁོར། འཕོ་བའི་རྣལ་འབྱོར། འོད་གསལ་འཆར་བའི་བྱིན་རླབས། རང་བྱིན་གྱིས་བརླབས་ཀྱི་རིམ་པ། ལྷ་མོ་འོད་འཛིན་མའི་བྱིན་བརླབས། དེའི་སྒྲུབ་ཐབས། སེམས་གོང་དུ་འཕོ་བའི་མན་ངག་གི་བྱིན་བརླབས། བདུད་རྩི་རིལ་བུའི་བྱིན་བརླབས། ཕྱིར་བཟློག་དང་བསྲུང་འཁོར་གྱི་བྱིན་བརླབས། འཚོ་བའི་དེ་ཁོ་ན་ཉིད། གཤིན་རྗེ་གཤེད་དམར་ནག་ཐུན་མོང་བའི་མཆོད་ཆོག་དཔལ་འཛིན་གྱིས་མཛད་པ། འཁྲུལ་འཁོར་གྱི་དེ་ཉིད་ངེས་བཤད་བྱང་ཆུབ་སྙིང་པོས་མཛད་པ། ལས་ཚོགས་ཡིད་བཞིན་ནོར་བུའི་སྐོར་ལ། ལས་ཚོགས་སྤྱིའི་སྒྲུབ་ཐབས་དང༌། དགའ་བས་ཚིམ་མ་ཞེས་བྱ་བ་ནས། སྒྲུབ་ཐབས་སུམ་ཅུ་རྩ་གྲངས་པ། པཎྜི་ཏ་དཱ་ན་ཤི་ལའི་རང་འགྱུར། གཤེད་དམར་ལྷ་ལྔའི་མངོན་དཀྱིལ་བུ་སྟོན་ཆོས་རྗེས་མཛད་པ། གཤིན་རྗེ་གཤེད་དམར་པོའི་རྫོགས་རིམ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པའི་རྡོ་རྗེའི་ཚིག་རྐང་དང༌། དེའི་མན་ངག་པཎྜི་ཏ་དཱརྤན་ཨཱ་ཙརྻའི་གསུང་ལོ་ཙཱ་བ་རྨོངས་པའི་གཉེན་པོ་དགོས་འདོད་འབྱུང་བས་བསྒྱུར་ཅིང་བཀོད་པའི་ཤིན་ཏུ་སྤྲོས་པ་མེད་པའི་