R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༤
[A:༦༤]རྗེ་འཆང༌། བིརྺ་པ། ཌོཾ་བྷི་ཧེ་རུ་ཀ བི་ར་ཌི་པ། མ་ཏི་པ། ནིཥྐ་ལཾ་ཀ་པ། རེ་ཝནྟྲ་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ། ཤོངས་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ནིཥྐ་ལཾ་ཀ་ལ། དཔྱལ་ཆོས་ཀྱི་བཟང་པོ། རོང་པ་རྒྭ་ལོ། སྲས་ཨ་ཀཱ་ར། བླ་མ་དཔལ་ལྡན་པ། ཐོག་སྟོན་ཆོས་ཀྱི་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ། བུ་སྟོན་ཆོས་རྗེས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྒྲུབ་པའི་ཐབས་གཤིན་རྗེ་རྣམ་འཇོམས་ཞེས་བྱ་བའི་སྟེང་ནས། དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆག་ལོ་ལ། རྒྱལ་མཚན་དགེ་བ། བློ་གྲོས་བརྟན་པ། མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཆོས་རྗེ། མཁན་ཆེན་རིན་རྣམ་པ། ཡང༌། རྡོ་རྗེ་འཆང་ཆེན་དཔལ་ལྡན་བིརྺ་པ། ཌོཾ་བྷི་པ་དང་ནི་ར་ཌི་ཡ་དང༌། མ་ཏི་བ་དང་སྙོག་མེད་དཔྱལ་ཆོས་བཟང༌། རྗེ་བཙུན་རྒྭ་ལོ་ཤེས་རབ་སེང་གེ་དང༌། དཔལ་ལྡན་སེང་གེ་བུ་སྟོན་ཆོས་ཀྱི་རྗེ། ཡང༌། བརྒྱུད་སྲོལ་གཅིག་ལ། རྡོ་རྗེ་འཆང༌། བིརྺ་པ། ནག་པོ་པ། ས་པ་ལི། ཤཱི་ལ་ཙནྟྲ། དཱ་ན་ཤཱི་ལ། ཆོས་རྗེ་འཇམ་གསང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་པ། ཆོས་རྗེ་བུ་སྟོན་པ། མཁན་ཆེན་རིན་ཆེན་རྣམ་རྒྱལ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བརྒྱུད་སྲོལ་གཅིག་ལ། རྡོ་རྗེ་འཆང༌། བིརྺ་པ། ནག་པོ་པ། ས་པ་ལི། ཤཱི་ལ་ཙནྟྲ། དཱ་ན་ཤི་ལ། ཆོས་རྗེ་འཇམ་གསར། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ་མན་སྔར་བཞིན་ནོ། ༈ །ཡང༌། ཡིག་ཆའི་སྐོར་ལ་དབང་གི་ཆོ་ག་རྒྱས་