R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༣
[A:༦༣]པ། ཤོངས་བློ་གྲོས་བརྟན་པ། མཆོག་ལྡན་ལེགས་པའི་བློ་གྲོས། འཇམ་དབྱངས་དཔལ་ལྡན་སེང་གེ ཐོག་སྟོན་ཆོས་ཀྱི་མངའ་བདག ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བརྒྱུད་སྲོལ་ཅིག་ལ། གཤིན་རྗེ་གཤེད། བིརྺ་པ། དཔལ་འཛིན། ཨ་ནུ་པ་མ་རཀྵི་ཏ། རཏྣ་ཨཱ་ཀ་ར་ཤནྟི་པ། རྡོ་རྗེ་གདན་པ། བཀྵི་ཏ་དེ་བ། ཤཱཀྱ་ཤྲཱི་བྷ་ཏྲ། དཱ་ན་ཤི་ལ། གཡག་སྡེ་ལོ་ཙཱ་བ། ལོ་མཆོག བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་དཔལ་ལྡན་པ་ཡན་སྔར་དང་འདྲ་ལ། བླ་མ་དཔལ་ལྡན་པ་ལ་ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། སྔར་གྱི་བརྒྱུད་པ་གཉིས་ལས་བརྒྱུད་དེ། ལོ་ཙཱ་བ་མཆོག་ལྡན། བླ་མ་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བིརྺ་པ་ནས། གོང་ལྟར་བརྒྱུད་དེ། གཡག་སྡེ་ལོ་ཙཱ་བ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། དྷ་ན་ཤཱི་ལ། མཁན་ཆེན་བསོད་ནམས་སེང་གེ བླ་མ་སངས་རྒྱས་ཡེ་ཤེས། བུ་སྟོན་ཆོས་རྗེ། མཁན་ཆེན་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲགས་རྒྱལ་བ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་དཔལ། རྒྱལ་མཚན་དགེ་བ། དཾཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལེགས་པའི་བློ་གྲོས། དཔལ་ལྡན་སེང་གེ བུ་སྟོན་ཆོས་རྗེ་མན་གོང་བཞིན་ནོ།
གཤེད་དམར་བཅུ་གསུམ་མའི་བརྒྱུད་ཡིག་འདི་ཡང༌། བུ་སྟོན་གསན་ཡིག་དང་བསྟུན་ནས་ཞུས་དག་བྱ་དགོས་ཡོད
། །ཡང༌། འཕགས་པའི་ཡིག་ཆའི་སྡེ་ནས། གཤེད་དམར་ལྷ་ལྔའི་དབང་གི་བརྒྱུད་པ་ནི། རྡོ་