R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༢
[A:༦༢]ཤེས། གཟི་བ་དོན་གྲུབ། བར་ཐང་པ་ཡབ་སྲས། དར་མ་ཤཱཀྱ། བསོད་ནམས་དབང་ཕྱུག ལོ་མཆོག་ནས་སྔར་བཞིན་ནོ། །ཡང༌། འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད། ཐ་ཀ་ན། བྷུ་ཤ་ན་པ། ངག་དབང་གྲགས་པ། བྷི་མ་ཤནྟི། བྷྲི་གཱ་ར་པ་ཏ། ཤྲདྡྷ་ཀ་ར་ཝརྨྨ། རིན་ཆེན་བཟང་པོ། ཀྱང་པོ་ཆོས་ཀྱི་བློ་གྲོས། གཅུང་པོ་ཞང་ཁྲི། གཉལ་པ་སྒྱོགས་སྟོན། ཁུན་ཙི་གཞོན་ནུ་རིན་ཆེན། རྩང་རོང་པ་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་འབར། གཡག་སྡེ་བ་དབང་ཕྱུག་རིན་ཆེན། ཁམས་སྟོན་ཤཱཀྱ་རྡོ་རྗེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས་སོ། །ཡང༌། གཉོས་ལུགས་ཀྱི་བརྒྱུད་པ་ནི། འཇམ་དབྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། བ་ལིང་ཨཱ་ཙརྻ། གཉོས་ལོ་ཡོན་ཏན་གྲགས། གཉོས་པ་ལེ། གཉོས་ནག་གྲགས་པ་དཔལ། གཉོས་གཟི་བརྗིད་དཔལ་ལེ། སྟོན་མོ་ལུང་པ་ཡེ་ཤེས་མཁར། ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཙྪ་བ་རིན་རྣམ་པ། བླ་མ་བདེ་མཆོག་པ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འཇམ་རྡོར་གྱི་མངོན་དཀྱིལ་བུ་སྟོན་གྱིས་མཛད་པའི་ལུང་ཡང་ཞུས་སོ།། ༈ །།དཔལ་གཤིན་རྗེ་གཤེད་ཀྱི་བསྐོར། ཡང༌། ཞེ་སྡང་ཆེན་པོའི་ཐབས་རྒྱུད་གཤིན་རྗེ་གཤེད་ཀྱི་སྐོར་ཐོབ་པ་ལ། གཤིན་རྗེའི་གཤེད་དམར་པོ་ལྷ་བཅུ་གསུམ་མའི་དབང་བཞི་རྫོགས་པར་ཞུས་ཤིང༌། དེའི་རྒྱ་གཞུང་སློབ་དཔོན་བྲམ་ཟེ་དཔལ་འཛིན་གྱིས་མཛད་པའི་རྗེས་སུ་འབྲངས་ཤིང༌། དེའི་དཀྱིལ་ཆོག་ཤོངས་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད། སྒྲུབ་ཐབས་ཆོས་རྗེ་འཕགས་པས་མཛད་པའི་སྟེང་ནས་བཀའ་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སློབ་དཔོན་དཔལ་འཛིན། བྷི་ར་ཊི་པ། མ་ཏི་པ། ནིཥྐ་ལཾ་ཀ་པ། རེ་ཝེནྟྲ་པ། ཆག་ཆོས་རྗེ་དཔལ། གཡུང་ཕུག་