R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༦
[A:༥༦]རླབས། རྗེས་གནང་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨརྻཱ་དེ་བ། རཏྣ་སཾ་གཱི་ཏི། པདྨ་སཾ་གཱི་ཏི། བུདྡྷ་སཾ་གཱི་ཏི། བ་རི་ལོ་ཙྪ་བ། དགེ་བཤེས་དབུས་པ། རྒྱ་ལྕགས་རི་བ། མངའ་རིས་ཀྱི་སྟོན། ཇོ་བོ་སྟག་བཟང༌། ནག་ཚོ་རིགས་འཛིན་གྲགས། བུད་སྒང་པ། ནག་ཚོ་ཤེར་རྒྱལ། དར་མ་རྒྱལ་མཚན། གྲོན་གྱི་སློབ་དཔོན། འབྲོག་སྟོན། གཅུང་བསོད་དབང༌། ལྷ་རྗེ་དཔགས་ཤི། ཆོས་རྒྱལ། བསོད་རྒྱལ། བསོད་ནམས་འོད་ཟེར། བག་སྟོན་ཚུལ་རྒྱལ། བདེ་ལེགས་དཔལ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ཡིག་ཆ་ཨརྻ་དེ་བས་མཛད་པའི་སྒྲུབ་ཐབས་ཚིགས་བཅད་མ། རྡོ་རྗེ་གདན་པ་དང༌། བ་རིའི་འགྱུར། རེག་འབིགས་སྒྲུབ་ཐབས་ཚིགས་བཅད་རྐང་པ་བཅུ་གཅིག་པ། རྐང་འཇོག་དབང་ཆོག་གི་ཚིགས་བཅད་མ། ཡང་དབང་གི་ཆོ་ག་ནག་ཚོ་ཤེས་རྒྱལ་གྱིས་མཛད་པ། རེག་ཚིག་དམ་ཚིག་གསང་བའི་སྒྲུབ་ཐབས། ཨརྻཱ་དེ་བས་མཛད་པ། རྡོ་རྗེ་གདན་པ་དང༌། བ་རིའི་འགྱུར། སྦྱིན་བསྲེག་བྱང་ཆུབ་སེང་གེས་བྲིས་པ། གཏོར་ཆོག་ཚིགས་བཅད་ཞེ་དྲུག་པ་དང༌། ལྷ་ཆེན་གསུམ་གྱི་སྒྲུབ་ཐབས། བསྙེན་པ་རྫོགས་པའི་བླ་མ་ཡིས། །བསྲུང་བའི་འཁོར་ལོ་ལེགས་བྲིས་ལ། །ཞེས་པ་ནས། ཁོ་རང་གཤེད་མས་བསྐོར་བར་བྱ། །ཞེས་པའི་བར་དང༌། སྔགས་བཟློག་དྲག་པོའི་མན་ངག་ཅེས་པ་རྣམས་ཨརྻ་དེ་བས་མཛད་པ། དབང་ཆོག་མ་བུ་ཚང་མ་བག་སྟོན་གྱིས་སྟག་སྡེ་བཀྲ་ཤིས་སྦུག་ཏུ་སྦྱར་བ། རྟ་དབྱངས་བརྟུལ་བའི་ལོ་རྒྱུས་བ་རི་བས་གང་ལ་བསྟན་པ་དང་སྤེལ་བའི་ལོ་རྒྱུས། བླ་མ་བརྒྱུད་པའི་གསོལ་འདེབས་དང༌། རེག་ཚིག་མ་བསྟོད་པ་གཉིས་བྱང་སེང་གིས་མཛད་པ། བསྲུང་བ་དོན་བདུན་པ་ལ། བསྙེན་པ། གཏོར་མ། སྦྱིན་བསྲེག མནན་པ། བཟློག་པ། འཁྲུལ་འཁོར་གྱི་