R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༥
[A:༥༥]མངོན་རྟོགས་ཀྱི་དཀའ་འགྲེལ་རྣམས་མཁྱེན་རབས་དབང་ཕྱུག་བུ་སྟོན་ཆོས་རྗེས་མཛད་པ། ཡང༌། སློབ་དཔོན་བྷུ་འུ་རི་པས་མཛད་པའི་རྒྱུན་བཤགས། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་བསྟོད་པ་རྒྱུན་ཆགས་ཡི་གེ་སྟོང་སུམ་བརྒྱ་བཞི་ཅུ་རྩ་བཞི་པ་ཆག་ལོའི་འགྱུར། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ་མར་དོའི་འགྱུར། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་བཀྲ་ཤིས་ལོ་ཆེན་གྱི་འགྱུར། ཆོས་རྗེ་བླ་མ་དམ་པས་མཛད་པའི་དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས། དྲིལ་བུ་ལྷ་ལྔའི་མངོན་དཀྱིལ། མཁན་ཆེན་རིན་ཆེན་རྣམ་རྒྱལ་གྱི་མཛད་པ། ཡང༌། བདེ་མཆོག་སྡོམ་འབྱུང་གི་ཆོ་ག་རྒྱས་པ་དྲི་མ་མེད་པའི་ཆུ་རྒྱུན་ཅེས་བྱ་བ་དང༌། སྒྲུབ་ཐབས་དངོས་གྲུབ་རིན་པོ་ཆེའི་གཏེར་ཅེས་བྱ་བ། བུ་སྟོན་ཆོས་རྗེས་མཛད་པ། ཡང༌། བདེ་མཆོག་ལཱུ་ཧི་པའི་མངོན་རྟོགས་ཆོས་རྗེ་བླ་མ་དམ་པས་མཛད་པ། དེའི་དཀྱིལ་ཆོག་ཐེག་ཆེན་ཆོས་རྗེས་མཛད་པ། ཡང༌། བཤད་རྒྱུད། མངོན་བརྗོད་ཕྱི་མ་ལས་བྱུང་བ། བདེ་མཆོག་ཁྲོ་བོ་རེག་ཚིག་གི་དབང་དང༌། ལུང་བུ་སྟོན་པས་མཛད་པའི་ཡིག་ཆའི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་ཨརྻཱ་དེ་བ། རཏྣ་སཾ་གི་ཏི། བུདྡྷ་སཾ་གི་ཏི། པད་མ་སཾ་གི་ཏི། བ་རི་ལོ་ཙཱ། དགེ་བཤེས་དབུས་པ། མངའ་རིས་ཀྱི་སྟོན། ཇོ་བོ་སྟག་བཟང༌། ནག་ཚོ་རིག་འཛིན། བུད་སྒང་པ། ནག་ཚོ་ཤེས་རབ་རྒྱལ་མཚན། གཉོས་དྷརྨྨ་རྒྱལ་མཚན། སློབ་དཔོན་འབྲོག་སྟོན་པ། བླ་མ་དགོན་འོག་པ། སློབ་དཔོན་བསོད་དབང༌། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐོག་སྟོན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཁྲོ་བོ་རེག་ཚིག་གི་ཡབ་བཀའ། ཡུམ་བཀའ། སྦགས་སྒྲུབ། གསང་སྒྲུབ། ལས་མཁན་ཁྲག་མིག མོན་པ་སྤུན་གསུམ་དང་བཅས་པའི་དབང༌། བྱིན་