R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༧
[A:༥༧]བསྲུང་བ་རྣམས་སོ། །སྔགས་ཀྱི་ཐེམ་ཡིག་དང་སྔགས་དོན། ཡང་ཆུའི་བསྲུང་བ། བསྲུང་འཁོར། ཕྱིར་བཟློག་འཁོར་ལོ། དགྲ་གསད་པ། མནན་པ་སྟེ་གདམས་ངག་ལྔ། རེག་ཚིག་གི་ལུང་བླང་བ་ནག་ཚོ་ཤེར་རྒྱལ་གྱིས་བྱས་པ། ཡང་བསྲུང་འཁོར་དཔུང་པ་གཡོན་ལ་འདོགས་པ། མནན་གཏད་སྦགས་པའི་ལས་བརྒྱད། འཇིགས་རྣམ་དགུའི་ཞལ་ཤེས། རྟ་དབྱངས་ཀྱིས་འཕགས་པ་ལྷ་ལ་ཕུལ་བའི། མེ་རེག་ཚིག་གི་ལོ་རྒྱུས་དང་མན་ངག རེག་ཚིག་སྔགས་བདག་གི་སྒྲུབ་ཐབས། ལས་མཁན་དགོས་བསྒྲུབ་ཀྱི་གཏོར་མ། ལས་མཁན་ཁྲག་མིག་གི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ། མོན་པ་སྤུན་གསུམ་གྱི་སྒྲུབ་ཐབས། རེག་ཚིག་ལས་མཁན་དགོས་སྒྲུབ་ལ། ཞེས་སོགས་ཆིག་བརྒྱུད་མ། བདུད་ནག་པོ་ཁྲག་མིག་ཅན་སྒྲུབ་པ། ལས་མཁན་ནག་པོ་ངན་སྔགས་ཀྱི་སྒྲུབ་པ། སྤྱིའི་མངོན་རྟོགས་ཡིད་ཀྱི་མུན་སེལ་འབྲོག་སྟོན་གྱིས་སྦྱར་བ། མངོན་རྟོགས་དང་དབང་གི་ཟིན་བྲིས་གཉིས་རྣམས་ཀྱི་ལུང་ཡང་ཞུས་སོ། །ཡང༌། མ་ཧཱ་མཱ་ཡ་སྒྱུ་མ་ཆེན་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ། ཆོས་རྒྱལ་འཕགས་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོཾ་བྷི་ཧེ་རུ་ཀ ཏི་ལོ་པ། ནཱ་རོ་པ། ཞི་བ་བཟང་པོ། མར་པ་ལོ་ཙཱ། རྔོག་ཆོས་རྡོར། ཞེ་སྡང་རྡོ་རྗེ། རྔོག་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། ཀློག་ཀྱ་དབང་ཕྱུག་གྲགས། བླ་མ་ལྡོང༌། འགྲོ་མགོན་འཕགས་པ་ལས་བརྒྱུད་དེ། ཞང་སྟོན། ལོ་མཆོག ཀྱི་སྟོན་གྲགས་རྒྱལ། པྲཛྙ་ཀིརྟི། མཁན་ཆེན་བྱང་ཆུབ་སེང་གེ ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།བདེ་རལ་བསྐོར། ཡང༌། རྣལ་འབྱོར་མའི་རྒྱུད། བདེ་ཆེན་རལ་པ་གཅིག་པ། ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡོངས་སུ་རྫོགས་པ་ཐོབ་