R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༤
[A:༥༤]ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རང་བྱུང་པ་ལ། སྙེ་མདོ་ཀུན་དགའ་དོན་གྲུབ། བླ་མ་བསོད་ནམས་འོད་ཟེར། བླ་མ་བག་སྟོན། བླ་མ་ཚུལ་རྒྱལ། བླ་མ་བདེ་ལེགས་པ། དེ་ལ་རིན་པོ་ཆེ་བསོད་བཟང་པ་དང༌། གནས་རྙིང་མཁན་ཆེན་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་གསན། དེ་གཉིས་ཀ་ལ་མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། མཁའ་འགྲོ་རྒྱ་མཚོའི་བརྒྱུད་སྲོལ་གཅིག་ལ། ས་པཎ། ཉན་ཆེན་པ། དཔལ་ལྡན་སེང་གེ བྱང་སེང་པ། ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ཡིག་ཆའི་རིམ་པ་ལ། དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་དབང་གི་རྒྱལ་པོའི་མཛོད། སྒྲུབ་ཐབས་རྒྱས་པ་རིན་པོ་ཆེ་པད་མ་རྭ་གའི་གཏེར། སྦྱིན་བསྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ། གཏོར་མའི་ཆོ་ག་རིན་པོ་ཆེ་ཨཥྨ་གརྦྷ། མཎྜལ་གྱི་ཆོ་ག་རིན་པོ་ཆེ་མརྒད་རྣམས་ཏེ། རིན་པོ་ཆེ་རྣམ་པ་ལྔ། པཎྜི་ཏ་ཛ་ཡ་སེ་ནས་མཛད་པ། ལོ་ཙཱ་བ་དར་མ་ཡོན་ཏན་གསང་མཚན་ཡེ་ཤེས་རྡོ་རྗེར་གྲགས་པས་བསྒྱུར་བ་དང༌། རྐང་པ་བཞི་བཅུ་རྩ་བརྒྱད་པ། ལོ་ཙཱ་བ་དེས་བོད་སྐད་དུ་བསྒྱུར་བའི་ལུང་ཡང་ཐོབ་བོ། །ཡང༌། འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད། ལེའུ་ལྔ་བཅུ་ང་གཅིག་པ། པད་མ་ཀ་ར་དང༌། ལོ་ཆེན་གྱིས་བསྒྱུར་བ་མར་དོ་དང༌། པྲཛྙ་ཀིརྟིས་བཅོས་པའི་སྟེང་དུ་བུ་སྟོན་པས་ཞུས་དག་མཛད་པ། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད། བདེ་མཆོག་གི་ཆོས་འབྱུང༌། རྩ་རྒྱུད་ཀྱི་འགྲེལ་ཏིག་རྒྱས་པ། ཀུན་སྤྱོད་ཀྱི་ཊཱི་ཀ་བདེ་མཆོག་དོན་གསལ། བདེ་མཆོག་ལཱུ་ཧི་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ། མངོན་པར་རྟོགས་པ་རྣལ་འབྱོར་བཞི་ལྡན། སྦྱིན་སྲེག་གི་ཆོ་ག་འཕྲིན་ལས་ཀུན་འགྲུབ། མཆོད་ཕྲེང་རྒྱས་པ། ཉེར་སྤྱོད་ལྔ་དང༌། རིགས་མ་བཅུ་དྲུག་གི་གར་ཡིག བདེ་མཆོག་ནག་པོ་པའི་